| e-texts navigator |
| Wylie |
59a1 བྲི་གྲོསམངོན་པའི་ང་རྒྱལ་མེད་པར་བྱའོ།། བདེ་བ་འདོད་པས་སྡིག་པ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ།། སེམས་ཅན་རྣམས་ལ་བདེ་བར་བྱ་བར་འདོད
59a2 པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། སྐད་སྙན་པར་འདོད་པས་བདེན་པར་སྨྲ་བར་བྱའོ།། ཡོན་ཏན་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བསྟེན་པར་བྱའོ།།
59a3 ཞི་གནས་འདོད་པས་འདུ་འཛིན་མེད་པར་མང་དུ་བྱའོ།། ལྷག་མཐོང་འདོང་པས་ཆོས་ལ་སྟོང་པར་སོ་སོར་བརྟག་པ་མང་དུ་བྱའོ།། ཚངས་པའི་འཇིག་རྟེན་འདོད་པས
59a4 བྱམས་པ་དང་། སྙིང་རྗེ་རྡང་དགའ་བ་དང་། བཏང་སྙོམས་བསྒོམ་པར་བྱའོ།། ལྷ་དང་མིའི་ཕུན་སུམ་ཚོགས་པ་ཐོས་པར་འདོད་པས་དགེ་བ་བཅུའི་ལས་ཀྱི་ལམ་ཡང
59a5 དག་པར་བླངས་ཏེ་གནས་པར་བྱའོ།། ཡོངས་སུ་མྱ་ངན་ལས་འདས་པ་འདོད་པས་ཐོས་པ་ལ་མངོན་པར་བརྩོན་པར་བྱའོ།། ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས
59a6 དཀོན་མཆོག་གསུམ་ལ་མཆོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་དང་། ཐམས་ཅད་དང
59a7 ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད།
59a8 འཕགས་པ་རྒྱལ་བའི་བློ་གྲོས་ནི་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སྷོ།། @#།། རྒྱ་གར་སྐད་དུ།