| e-texts navigator |
| Wylie |
52a1 འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། གནས་འཇོག་གི
52a2 རྒྱུད་དང་། གླིང་བཞི་པའི་འཇིག་གྱི་ཁམས་ཀྱང་ཞོག། རིའི་རྒྱལ་པོ་འཁོར་ཡུག་དང་འཁོར་ཡུག་ཆེན་པོ་དག་ནོག། རྒྱ་མཚོ་ཆེན་པོ་ཡང་ཞོག་གི། གནས་འཇོག་གི་རྒྱུད་དག།
52a3 རིའི་རྒྱལ་པོ་རི་བ་ནི། དཔག་ཚད་བརྒྱ་ཁྲི་ཆུའི་ནང་དུ་ཆུབ་ཅིང་། དཔག་ཚད་བརྒྱད་ཁྲི་ཆུ་ལས་གྱེན་དུ་མངོན་དུ་འཕགས་སོ།། དེ་ལ་ཡང་སྲང་འདི་སྙེད་ཅིག་ཡོད་དོ་ཞེ་འམ།
52a4 སྲད་བརྒྱ་འམ། སྲང་སྟོང་ངམ། སྲང་བརྒྱ་སྟོང་ཞིག་ཡོད་དོ་ཞེས། བགྲང་བ་དང་། ཚད་བཟུང་བར་མི་ནུས་ཏེ། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ
52a5 བསྐྱེད་པ་ནི། བགྲང་བ་དང་། ཚད་བཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ
52a6 ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་བཟུང་བར་མི་འགྱུར། ཡོངས་སུ་གཏུག
52a7 པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོད་པར་བྱེད་དོ།། གནས་འཇོག་གི་རྒྱུད་དག། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ
52a8 ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི།། སྦྱིན་པས་དཔག་ཏུ་མེད་པ་དག་གིས་ཕྱིར་རོ། ཚུལ་ཁྲིམས་ཀྱིས་དཔག་ཏུ་མེད་པ་དག་དང་། བསྟོབས