| e-texts navigator |
| Wylie |
48b1 བགྱིད་པའི་སྟོབས་གཞན་ཡོད་དེ། འདི་ལྟ་སྟེ་གང་དེ་ཉིད་ཀྱི་མཚན་མོ་གུང་རྫུན་ལ། མཚན་གྱིས་རྣམ་པར་བརྒྱན་པ། དཔེ་བུད་བཟང་པོས་རྣམ་པར་མཛེས་པར་བྱ
48b2 པའི་སྐུ་འདི་དང་སྟོབས་དེ་དག་གི་སྣོད་དུ་གྱུར་པའི་སྐུ་སྲོག་འདི་རབ་ཏུ་འཇོམ་པར་འགྱུར་བའི་མི་རྟག་པ་ཉིད་ཀྱི་སྟོབས་ཤེས་བྱའོ།། གནས་འཇོག་གི་རྒྱུད་དག། འདི
48b3 ནི་གང་སྟོབས་དང་ལྡན་ཞིང་། གང་ངོ་སྟོ་བུས་དེ་དག་ཟིལ་ཀྱིས་གནོན་པར་བྱེད་པའི་སྟོབས་གཞན་དེ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ
48b4 བཅད་པ་དག་བཀའ་སྐད་ཅེསྩལ་པ། ལུས་ལས་བྱུང་བའི་སྟོབས་ཀྱི་སྟོབས་དང་། བསོད་ནམས་སྟོབས།། ཡེ་ཤེས་སྟོབས་དང་རྫུ་འཕྲུལ་སྟོབས་པས་ཀྱང་།
48b5 ངའི་བཟི་བརྗིད་འཇོམས་མི་རྟག་ཉིད། མཆོག་དུ་སྟོབས་དང་ལྡན་པར་བཞེད་པ་ཡིན།། གང་དུ་དེ་དང་འདྲ་བའི་སྐུ་ས་ནི། གསེར་གྱི་རིའི་དབང་པོའི་རྩེ་མེ་འདྲ།
48b6 མི་རྟག་ཉིད་ཀྱི་གཟིགས་བརྗིད་ཀྱིས་བཅོམ་པ།། ངའི་འཇིག་པར་འོང་བར་འགྱུར་བ་ཡིན། མི་རྟག་ཉིད་ཀྱི་སྟོབས་ནི་སྟོབས་མཆོག་པར།། མཁས་པའི་ས
48b7 རྣམས་རྣམ་པར་ཤེས་བྱ་སྟེ། གང་དུ་མི་རྟག་ཉིད་ནི་མི་འོང་བའི། མི་འཆི་བའི་གནས་དེ་ཐོབ་པར་བྱའོ།། བཅོམ་ལྡན་འདས་པས། ཀུ་ཤའི་གྲོང
48b8 ཁྱེར་ནས་སྐྱེས་པའི་གྱང་རྣམས་ཀྱིས་འདི་སྐད་ཅེས་ཐོས་ནས། ཕོངས་པར་འགྱུར་བ་ཏེ། ཇི་ལྟར་ཡང་འདུ་ཤེས་ཐོབ་པ་དག་ཏུ་གྱུར་ནས། ས་ལ་འདྲེ་ལྡོ།