| e-texts navigator |
| Wylie |
31b1 ཕྱེ་རྡུལ་ཕྲ་རབ་ཙམ་དེ་གོད་པ་མེད་ཅིང་མ་ཚང་བ་མེད་པར་གཅིག་ཏུ་བསྡུས་ཏེ། བསྡོམས་ནས་རྡོ་ཆེན་པོ་ཡངས་པ་དེ་འདྲ་བ་ཁོ་ནར་མཛད་དེ། དབྱེན་པར་ཕྱོགས་གཅིག་ཏུ་གནས་པར
31b2 མཛད་པ་ནི་འདི་ནི་དེ་བཞིན་གཤེགས་པའི་སྒོམ་པའི་སྟོབས་སོ།། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡབ་ཡུམ་ལས་བྱུང་བའི
31b3 སྟོབས་ཇི་ལྟ་བུ་དང་ལྡན་པ་ལགས། གནས་འཇོགས་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པས་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་དག་པར་རྫོགས་པའི་སངས
31b4 རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱང་བའི་སྟོབས་ཉན་པར་འདོད་དམ་བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ།།
31b5 གནས་མཆོག་གི་རྒྱུད་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ།། གནས་འཇོག་གི་རྒྱད་དག་མི་བཅུའི་སྟོབས་གང་ཡིན་པ་དེ་བ་ལང་ཕལ་གཅིག
31b6 གི་སྟོབས་སོ།། བ་ལང་ཕལ་བཅུའི་སྟོབས་གང་ཡིན་པ་དེ། བ་ལང་སྔོན་པོ་གཅིག་གི་སྟོབས་སོ།། བ་ལང་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ། ཁྱུ་མཆོག་གཅིག་གི་སྟོབས
31b7 སོ།། ཁྱུ་མཆོག་བཅུའི་སྟོབས་གང་ཡིན་པ་དེ། གཡག་ཅིག་གི་སྟོབས་སྷོ།། གཡག་བཅུའི་སྟབས་གང་ཡིན་པ་ངཾ། བསེ་ཅིག་གི་སྟོབས་སོ།། བསེ་བཅུའི་སྟོབས
31b8 གང་ཡིན་པ་དེ། གླང་པོ་ཆེ་ཕལ་པ་གཅིག་གི་སྟོབས་སོ།། གླང་པོ་ཆེ་ཕལ་པོ་བཅུའི་སྟོབས་གང་ཡིན་པ་དེ། སྒྲ་གསལ་བར་མི་བྱེད་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ།།