| e-texts navigator |
| Wylie |
29b1 ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཏེ། ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་། བདག་ཅག་གིས་དགེ་བ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང
29b2 ཚིགས་སུ་བཅད་པས་མངོན་འཕགས་པར་འགྱུར་བ་ནི་གང་དག་གིས། རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་ཅིག་ཤོས་སུ་འཕགས་པས། ཀྱེ་མ་ཀུ་ཤའི་གྲོང
29b3 ཁྱེར་ཀྱང་དཔའོ་དག་ཅིག་བྱུང་ངོ་།། ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་རྟལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཆེས་སྟོབས་དང་ལྡན་པ་དག་ཅིག་བྱུང་ངོ་།།
29b4 ཞེས་ཟེར་གྱིས། ཤེས་ལྡན་དག་དེའི་ཕྱིར་རྡོ་ཆེན་པོ་ཡངས་པ་དེ་ག་ལཾ་བར་ཀུན་ཀྱང་ཕྱིར་བྱུང་སྟེ།། དེང་ཤིག་དེ་བཞིན་ནོ་ཞེས་སྨྲས་ནས། དེ་དང་དེ་དག་གཅིག་ལ་གཅིག་གི་ལྟར
29b5 ཉན་ཏེ། སོ་སོ་བཞེན་པ་བཟང་པོ་དག་ལ་ཞོན་ཏེ། བདག་ཅག་ནི་སེ་སྟེང་འདི་ན་ཆེས་སྟོབས་དང་ལྡན་པ་འོ་སྙམ་དུ་རློམ་སེམས་བྱེད་ཅིང་འོས་པ་དང་། རིགས་དང་། སྟོབས
29b6 དང་། ལུས་བྱད་དང་། དབང་ཕྱུག་གི་རྒྱགས་པས་དྲེགས་ཏེ། སྐད་མཐོན་པོ་དང་། སྐད་ཆེན་པོས་ག་ན་དག་བྱེད་ཅིང་ཅ་ཅོ་བྱེད་ལ། དགའ་མགུ་རངས་ཤིང་དགའ་བ་དང་།
29b7 བདེ་བ་དང་། ཡིད་བདེ་བ་སྐྱེས་ཏེ། འབྱོར་པ་ཆེན་པོ་མཆོག་གིས། ཀུ་ཤའི་གྲོང་ཁྱེར་ནས་ཕྱིར་བྱུང་སྟེ། རྟ་དང་། རྔ་མོངས་དང་། བ་ལང་སྔོན་པོ་མཆོག་ཏུ་ཕྱིན་པ་དང་།
29b8 རྒྱ་ཆོག་དང་། གླང་པོ་ཆེ་དང་། སྤོས་ཀྱི་གླང་པོ་ཆེ་རྒྱ་ཕྲག་དུ་མ་དེང་ནས། རྡོ་ཆེན་པོ་ཡངས་པདེ་གལ་བ་དེར་དང་སྟེ་བྱིན་ནས། རྡོ་ཆེད་པོ་ཡངས་པ་དེ་རྩིད་པའི་བག