e-texts navigator
Collection
Volume
Page
Wylie

26a1 མཚན་དང་། བ་དན་དག་གཟུགས་པར་བྱ། དུས་སྟོན་དག་ཏུ་གནས་པར་བྱ། བཅོམ་ལྡན་འདས་ལམ་གང་ནས་གཤེགས་པར་བརྩོན་པའི་གཤེགས
26a2 ཤུལ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་བྱའོ།། དེ་ཕྱིན་ཆད་ནི་བདག་ཅག་ཐམས་ཅད་ཀྱིས་གསུབ་བྱས་ས་ཤིག་ན་ལེགས་སོ།། སྙམ་ནས། དེ་ནས་དེ་དག་ཐམས་ཅད་ཚོགས་ཤིང
26a3 ཡང་དག་པར་དགའ་སྟེ། བརྩོད་པ་མེད་ཅིང་རྩེ་གཅིག་ལ་བློ་གཅིག་པ་དག་ཏུ་བྱས་ནས། ཀུ་ཤའི་གྲོང་ཁྱེར་ཐམས་ཅད་ཆོ་ག་བཞིན་དུ་ཕྱག་དར་བྱེད་དོ།། ཆག་ཆག་ལེགས་པར
26a4 བཏབ་པ་དང་། བྱི་དོར་ལེག་པར་བྱ་བ་དག་བྱས་ནས། རྒྱན་དང་ལྷབ་ལྷུབ་ཐམས་ཅད་དང་། བདུག་པ་དང་། འཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ
26a5 པ་དག་གིས་བརྒྱན་པར་བྱེད། གདུགས་དང་། རྒྱལ་མཚན་དང་། བ་དན་དག་འཛུགས་པར་བྱེད། དུས་སྟོན་ཡང་རབ་ཏུ་གནས་པར་བྱེད་དེ། གཤེགས་ཤུལ་གང་ནས་བཅོམ་ལྡན
26a6 འདས་གཤེགས་པའི་གཤེགས་ལམ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་བྱེད་དོ།། ཡང་དེའི་ཚེ་ཀུ་ཤའི་གྲོང་ཁྱེར་དང་། ཆུ་ཀླུང་དམིག་ལྡན་གཉིས་ཀྱི་བར་ན། རྡོ་ཆེན་པོ་ཡངས་པ
26a7 ཞིག་གནས་མ་ཡིན་པ་ན་འདུག་སྟེ། ལམ་ཆེན་པོ་གནས་པ་ན་འདི་ལྟ་སྟེ། གྱེར་དུ་ནི་འདོམ་བཅཝོ་ལྔ་སྲིད་མངོན་དུ་འཕགས་སོ།། རྒྱར་ནི་འོདོམ་ཕྱེད་དང་། བརྒྱད་དོ།། དེ་ནས་དེ་དག
26a8 འདི་སྙམ་དུ་སེམས་ཏེ། གང་འོག་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་གཅིག་ཏུ་བཞག་པར་བྱའོ།། དེའི་ཕྱིར་བདག་ཅག་གིས་ལམ་ཡང




iiif viewer powered by OpenSeadragon

25b - 26b

Texts on this page

F166 - 'phags pa rdo 'phangs pa'i mdo