| e-texts navigator |
| Wylie |
112a1 ཆོས་བཅུ་། གནས་པ་ཡིན་ནོ།། རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཡི་གེར་འབྲི་བ་དང་། འཆང་བ་དང་། ཀློག་པའི་བསོད
112a2 ནམས་ནི་རབ་ཏུ་མང་གི་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་བཏང་བ་དེ་ནི་དེ་ལྟ་མ་ཡིན་ནོ།། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་གང
112a3 གི་སྦྱིན་པ་བྱིན་པ་དེ་ནི་དེ་ལྟ་མ་ཡིན་ནོ།། དེ་བཞིན་གཤེགས་པའི་གཟུགས་བརྙན་རིན་པོ་ཆེ་ལས་བྱས་ཏེ། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ
112a4 བཀང་བའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ལྟ་མ་ཡིན་ནོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་སོ།། དམ་ཆོས་འདི་ལ་རྒྱལ་བའི
112a5 སྲས།། རྣམ་པར་མི་རྟོགས་བསམ་གྱུར་ན།། རྣམ་རྟོག་བགྲོད་དཀའ་རྣམ་འདས་ཏེ།། རིམ་གྱི་མི་རྟོག་ཐོབ་པར་འགྱུར།། དེ་ལས་རབ་ཞི་མི་གཡོ་མཆོག། དབང
112a6 བྱེད་མཉམ་པ་མི་མཉམ་པ།། རྣམ་པར་མི་རྟོག་བདེ་བ་ནི།། བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ
112a7 སེམས་དཔའ་རྣམ་པར་མི་རྟོག་སྣང་བ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད
112a8 རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་ཏེ་མངོན་པར་བསྟོད་དོ།། འཕགས་པ་རྣམ་པར་མི་རྟོག་པ་ལ་འཇུག་པའི