| e-texts navigator |
| Wylie |
111a1 ཆོས་གསུ#རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱོར་རོ།། རིགས་ཀྱི་བུ་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ
111a2 ཉིད་དཔྱོད་པའི་རྣམ་པར་རྟོག་པ་མངོན་དུ་འགྱུར་ན། འདི་ལྟར་ཉེ་བར་རྟོག་ཏེ། གང་བདག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་སྤྱོད་ན། དེ་རྣམ་པར་རྟོག་པ་ལ་སྤྱོད་པའོ།།
111a3 གཞན་དག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་སྤྱོད་ན། རྣམ་པར་རྟོག་པ་ལ་སྤྱོད་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ཞེས་སྤྱོད་ན། རྣམ་པར་རྟོག་པ་ལ
111a4 སྤྱོད་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཅེས་སྤྱོད་ན། རྣམ་པར་རྟོག་པ་ལ་སྤྱོད་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཉོན་མོངས་པ་དང་། ཤེས་བྱའི
111a5 སྒྲིབ་པ་ཐམས་ཅད་སྤོང་བའོ་ཞེས་སྤྱོད་ན། རྣམ་པར་རྟོག་པ་ལ་སྤྱོད་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་རྣམ་པར་བྱང་བའོ་ཞེས་སྤྱོད་ན། རྣམ་པར་རྟོག་པ་ལ
111a6 སྤྱོད་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ་ཞེས་ན། རྣམ་པ་རྟོག་པ་ལ་སྤྱོད་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་ཀྱི་རྐྱང་མེད་རྒྱུར་ཡང་མེད
111a7 འབྲས་བུར་ཡང་མེད། ལུས་སུ་ཡང་མེད། ལྡན་པར་ཡང་མེད་འཇུག་པར་ཡང་མེདོ་ཞེས་སྤྱོད་ན། རྣམ་པར་རྟོག་པ་ལ་སྤྱོད་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ
111a8 པར་རིག་པ་ཙམ་མོ་ཞེས་སྤྱོད་ན། རྣམ་པར་རྟོག་པ་ལ་སྤྱོད་པའོ།། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པ་དེ་བཞིན་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད