e-texts navigator
Collection
Volume
Page
Wylie

110b1 པ་རཾ་ཡང་མི་དམིགས་མོད་ཀྱི་རྣམ་པར་རིག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆུད་བཟོད་པ་ནི་མ་ཡིན་ནོ།། རྣམ་པར་རིག་པར་མ་གཏོགས་པར་ཆོས་གང་མི་དམིགས་ལ། རྣམ་པར
110b2 རིག་པ་དེ་ཡང་དངོས་པོ་མེད་པ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། རྣམ་པར་རིག་པ་མ་ཏོགས་པར་དངོས་པོ་མེད་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གཟུགས་སུ་སྣང་གི
110b3 རྣམ་པར་རིག་པ་མེད་པ་དེ་དང་། རྣམ་པར་རིག་དེ་གཅིག་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཐ་དད་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པར་རིག་པ་དངོས
110b4 པོ་མེད་པ་དེ་ལ་དངོས་པོར་ཡང་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མེད་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རིགས་ཀྱི་དྲུག་རྣམ་པ་ཐམས་ཅད་པའི་རྣམ་པར་རྟོག
110b5 པ་ཐམས་ཅད་ཀྱི། གང་རྣམ་པར་མ་བརྟགས་པ་དེ་རྣམ་པར་མི་རྟོག་པའི་དབྱིངས་སོ་ཞེས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། རིགས་ཀྱི་བུ་དག་འདི་ནི་རྣམ་པར་མི་རྟོག
110b6 པའི་དབྱིངས་སུ་འཇུག་པའི་ཚུལ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་།
110b7 འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། དེ་བཞིན་དུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྗོད་པའི་ཕ་རོལ་ཏུ་ཕྱིན
110b8 པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་ནང་སྟོང་པ་ཉིད་ལ་སོགས་པ་ནས།




iiif viewer powered by OpenSeadragon

110a - 111a

Texts on this page

F172 - 'phags pa rnam par mi rtog par 'jug pa zhes bya ba'i gzungs