| e-texts navigator |
| Wylie |
110a1 ཆོས་གསུསུ་འཇུག་ཁོང་དུ་ཆུད་པར་བྱའོ།། རིགས་ཀྱི་བུ་དག་ཇི་ལྟར་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྟོག་པའི
110a2 མཚན་མ་ཇི་སྐད་དེ་དག་ལ་ཉེ་བར་རྟོག་ཅིང་རྣམ་པའི་དབྱིངས་སུ་འཇུག་ཅེ་ན། རིགས་ཀྱི་བུ་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྣམ་པར་མི་རྟོག
110a3 པའི་དབྱིངས་ལ་རབ་ཏུ་གནས་པ་ནི་གཟུགས་ཀྱི་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་མངོན་དུ་གྱུར་ན་འདི་ལྟར་ཉེ་བར་རྟོགས་སྟེ། གང་བདག་གི་གཟུགས་ཤེས་སྤྱོད་ན། རྣམ་པར
110a4 རྟོག་པ་ལ་སྤྱོད་པའོ།། གཞན་དག་གི་གཟུགས་ཤེས་སྤྱོད་ན་རྣམ་པར་རྟོག་པ་ལ་སྤྱོད་པའོ།། གཟུགས་འདི་ཡོད་དོ་ཞེས་སྤྱོད་ན་རྣམ་པར་རྟོག་པ་ལ་སྤྱོད་པའོ།། གཟུགས
110a5 སྐྱེབོ་འགག་གོ།། ཀུན་ནས་ཉོན་མོངས་པའོ།། རྣམ་པར་བྱང་བའོ་ཞེས་སྤྱོད་ན། རྣམ་པར་རྟོག་པ་ལ་སྤྱོད་པའོ།། གཟུགས་མེད་སྤྱོད་ན་རྣམ་པར་རྟོག་པ་ལ་སྤྱོད་པའོ།།
110a6 གཟུགས་ལ་ངོ་བོ་ཉིད་ཀྱིས་ཀྱང་མེད་རྒྱུར་ཡང་མེད། འབྲས་བུར་ཡང་མེད། ལྡན་པ་ཡང་མེད། འཇུག་པ་ཡང་མེད་ཅེས་སྤྱོད་ན་རྣམ་པར་རྟོག་པ་ལ་སྤྱོད་པའོ།། གཟུགས
110a7 ཀྱི་རྣམ་པར་རིག་པ་ཙམ་ཞེས་སྤྱོད་ན་རྣམ་པར་རྟོག་པ་ལ་སྤྱོད་པའོ།། ཇི་ལྟར་གཟུགས་མེད་པ་དེ་བཞིན་དུ་གཟུགས་སུ་སྣང་བའི་རྣམ་པར་རིག་པ་ཡོང་མེད་དོ་ཞེས་སྤྱོད་ན། རྣམ
110a8 རྣམ་པར་རྟོག་པ་ལ་སྤྱོད་པའོ་སྙམ་མོ།། རིགས་ཀྱི་བུ་དག་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཟུགས་ཀྱང་མི་དམིགས། གཟུགས་སུ་སྣང་བའི་རྣམ་པར་རིག
110a9 ལས་སུ་ཡང་མེད།