e-texts navigator
Collection
Volume
Page
Wylie

109b1 དཔེར་བྱས་པ་སྟེ། བྲག་གཅིག་ཏུ་སྟུག་ཅིང་སྲ་བ་ཞེས་བྱ་བ་དེ་ནི། འདུ་བྱེད་ཀྱིས་རྣམ་པ་ཀུན་ནས་ཉོན་མོངས་པ་དང་གཉིས་ལ་སོ་སོར་ཉེ་བར་གནས་པའི་ཚིག་བླ་དགས་སོ།།
109b2 འོག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་ཞེས་བྱ་བ་དེ་ནི། རྣམ་པར་མི་རྟོག་པའི་དབྱིངས་ཀྱིས་ཚིགས་བླ་དགས་སོ།། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་འ
109b3 པའི་མི་ཞེས་བྱ་བ་དེ་ནི། བྱང་ཆུབ་སོས་དཔའ་སེམས་དཔའ་ཆེན་པོའི་ཚིགས་བླ་དགས་སོ།། གཏེར་ཆེན་པོ་མངོན་པར་ཤེས་པའི་མི་ཞེས་བྱ་བ་དེ་ནི། དེ་བཞིན་གཤེགས་པ
109b4 དགྲ་བཅོམ་པ་ཡངས་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚོགས་བླ་དགས་སོ།། བྲག་ཅེས་བྱ་བ་དེ་ནི་རང་བཞིན་ལེ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱིས་ཚིགས་བླ
109b5 དགས་སོ།། རྐོས་ཤིག་ཅེས་བྱ་བ་དེ་ནི་ཡིད་ལ་མི་བྱེད་པའི་ཚིགས་བླ་དགས་སོ།། དངུལ་དུ་སྣང་བའི་རྡོ་ཞེས་བྱ་བ་དེ་ནི་གཉེན་པོ་ལ་རྣམ་པར་རྟོག་པའི་མཚན་མ
109b6 རྣམས་ཀྱི་ཚོགས་བླ་དགས་སོ།། གསེར་དུ་སྣང་བའི་རྡོ་ཞེས་བྱ་བ་དེ་ནི་སྟོང་པ་ཉིད་ལ་སོགས་པ་ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་ཚིགས་བླ་དགས་སོ།། རིན
109b7 པོ་ཆེ་སྣ་ཚོགས་སུ་སྣང་བའི་རྡོ་ཞེས་བྱ་བ་དེ་ནི་ཐོབ་པ་ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱིས་ཚིགས་བླ་དགས་སོ།། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན
109b8 པོ་རྙེད་ཅེས་བྱ་བ་དེ་ནི་རྣམ་པར་རྟོག་པ་དབྱིངས་ལ་རེག་པའི་ཚོགས་བླ་རགས་སོ།། རིགས་ཀྱི་བུ་དག་དེ་ལྟར་དཔེའ་ཉེ་བར་བཀོད་པ་འདིས་རྣམ་པར་མི་རྟོག་པའི་དབྱིངས




iiif viewer powered by OpenSeadragon

109a - 110a

Texts on this page

F172 - 'phags pa rnam par mi rtog par 'jug pa zhes bya ba'i gzungs