e-texts navigator
Collection
Volume
Page
Wylie

109a1 ཆོས་ཅ། གསེར་རིན་པོ་ཆེ་དང་། རྡོའི་སྙིང་པོ་རིན་པོ་ཆེ་དང་སྣ་ཚོགས་ཀྱི་རིན་པོ་ཆེ་ཐ་དད་པས་ཡོངས་སུ་གང་བའི་གཏེར་ཆེན་པོ་ཞིག་ཡོད་ལ་དེ་ནས་གཏེར་ཆེན་པོ་འ
109a2 པའི་མི་ལ་ལ་ཞིག་འོངས་པ་དེ་ལ། གཏེར་ཆེན་པོ་མངོན་པར་ཤེས་པའི་མིས་འདི་སྐད་དུ། ཀྱེ་སྐྱེས་བུ་བྲག་ཅིག་ཏུ་སྟུག་ཅིང་སྲ་བ་དེའི་འོག་ན། རིན་པོ་ཆེ་འོད་གསལ་བས་ཡོངས་སུ་གང་གི
109a3 རིན་པོ་ཆེའི་གཏེར་ཆེན་པོ་ཡོད་དོ།། དེའི་འོག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཡོད་ཀྱི། ཁྱོད་ཀྱིས་ཐོག་མ་ཁོ་ནར་རྡོའི་རང་བཞིན་ཐམས་ཅད་རྐོས་ཤིག། དེ་བསྐོས་དང
109a4 དངུལ་དུ་སྣང་བའི་རྡོ་ཁྱོད་ལ་སྣང་བར་འགྱུར་ཏེ། དེ་ལ་ཁྱོད་ཀྱིས་གཏེར་ཆེན་པོར་འདུ་ཤེས་མི་བྱའི་དེ་ཡོངས་སུ་ཤེས་པར་བྱོས་ཏེ་རྐོས་ཤིག། དེ་བརྐོས་དང་། གསེར་དུ་སྣང་བའི་རྡོ
109a5 སྣང་བར་འགྱུར་ཏེ་དེ་ལ་ཡང་ཁྱོད་ཀྱིས་གཏེར་ཆེན་པོར་འདུ་ཤེས་མི་བྱའི་དེ་ཡང་ཡོངས་སུ་ཤེས་པར་བྱོས་ཏེ་རྐོས་དང་། རིན་པོ་ཆེ་སྣ་ཚོགས་སུ་སྣང་བའི་རྡོ་སྣང་བར་འགྱུར་ཏེ། དེ་ལ
109a6 ཡང་ཁྱོད་ཀྱིས་གཏེར་ཆེན་པོར་འདུ་ཤེས་མི་བྱའི། དེ་ཡང་ཡོངས་སུ་ཤེས་པར་བྱོས་ཏེ། རྐོས་ཤིག། ཀྱེ་སྐྱེས་བུ་ཁྱོད་ཀྱིས་དེ་ལྟར་བརྩོན་པར་བྱས་ན། རྐོ་བ་མངོན་པར་འདུ་བྱ་བ
109a7 མེད་ཅིང་འབད་མི་དགོས་པར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་འཐོང་བར་འགྱུར་རོ།། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་རྙེད་ན། ཁྱོད་ཕྱུག་ཅིང་ནོར
109a8 ཆེ་ལ་ལོངས་སྤྱོད་ཆེ་བར་འགྱུར་ཏེ། བདག་དང་གཞན་གྱི་དོན་ལ་མཐུ་ཡོད་པར་འགྱུར་རོ།། ཞེས་སྨྲ་བ་ལྟར། རིགས་ཀྱི་བུ་དག་ཅི་ཙམ་དུ་དོན་འདི་ཤེས་པར་བྱ་བའི་ཕྱིར་འདི




iiif viewer powered by OpenSeadragon

108b - 109b

Texts on this page

F172 - 'phags pa rnam par mi rtog par 'jug pa zhes bya ba'i gzungs