e-texts navigator
Collection
Volume
Page
Wylie

108b1 པ་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་དུ་འདས་པ་དང་། ཉོན་མོངས་པ་ཐམས་ཅད་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གནས་པའི་ཕྱིར་ཏེ་དེའི་ཕྱིར་རྣམ་པར་མི་རྟོག་པའི
108b2 དབྱིངས་ལ་རྣམ་པར་མི་རྟོག་པ་ཞེས་བྱའོ།། རྣམ་པར་མི་རྟོག་པ་དེ་ཡང་གང་ཞེ་ན། རྣམ་པར་མི་རྟོག་པ་ནི་གཟུགས་མེད་པ། བརྟན་དུ་མེད་པ། རྟེན་མེད་པ། སྣང་བ་མེད་པ། རྣམ་པ
108b3 རིག་པ་མ་ཡིན་པ་གནས་མེད་པའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པའི་དབྱིངས་པ་ལ་རབ་ཏུ་གནས་པས་ནི་ཤེས་བྱ་དང་། ཁྱད་པར་མེད་པ། རྣམ
108b4 པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ན་མཁའི་དཀྱིལ་དང་ཚུངས་པར་མཐོང་ངོ་།། རྣཾ་བར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཤེས་པས་ནི་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་།
108b5 རྨིག་ལམ་དང་། མིག་ཡོར་དང་། བྲག་ཆ་དང་། གཟུགས་བརྙན་དང་། ཆུ་ཟླ་དང་། སྤྲུལ་པ་དང་། མཚུངས་པར་མཐོང་ངོ་།། བདེ་བ་ཆེན་པོ་ལ་གནས་པ་ཤིན་དུ་རྒྱས་པ་ཡང
108b6 ཐོབ་པོ།། སེམས་ཕུན་སུམ་ཚོགས་པ་ཤིན་དུ་རྒྱས་པ་ཡང་འཐོབ་པོ།། ཤེས་རབ་དང་ཡེ་ཤེས་ཆེ་ཞིང་ཤིན་ཏུ་རྒྱས་པ་ཡང་འཐོབ་པོ།། བཤད་པ་ཆེན་པོ་ལ་དབང་ཤིན་ཏུ་རྒྱས་པ
108b7 ཡང་ཐོབ་པོ།། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཐམས་ཅད་ཀྱང་བྱེད་ནུས་པར་འགྱུར་ཏེ། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ཡང་རྒྱུན་མ་གཅ
108b8 དོ། རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན། བྲག་གཅིག་ཏུ་སྡུག་ཅིང་སྲ་བའི་འོག་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣ་ཚོགས་འོད་གསལ་བ་འདི་ལྟ་སྟེ། དངུལ་རིན་པོ་ཆེ་དང་།




iiif viewer powered by OpenSeadragon

108a - 109a

Texts on this page

F172 - 'phags pa rnam par mi rtog par 'jug pa zhes bya ba'i gzungs