e-texts navigator
Collection
Volume
Page
Wylie

108a1 ། ཆོས་གཟུ་ག། @#མཚན་མ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། དབང་བསྐུར་བ་འཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག།
108a2 པའི་མཚན་མ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པའི་བར་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་སྟེ། རང་གྱི་མཚན་ཉིད་ལ་སྤྱོད་པ་འམ། ཡོན་ཏན་སྤྱོད་པའམ། སྙིང་པོ་ལ་སྤྱོད
108a3 པ་ཡང་རུང་། དེས་འཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མེད་དག་ཀྱང་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་ངོ་།། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྟོག་པའི
108a4 མཚན་མའི་རྣམ་པ་ཐམས་ཅད་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་བས་རྣམ་པར་རྟོག་པའི་དབྱིངས་ལ་ཤིན་དུ་བརྩོན་པ་ཡིན་ཏེ་དེ་ཤིག་རྣམ་པར་མི་རྟོག་པའི་དབྱིངས་ལ་ནི་མ་རིག་མོད་ཀྱི་རྣམ་པར་མི་རྟོག
108a5 པའི་དབྱིངས་ལ་རེག་པར་འགྱུར་བའི་ཚུལ་བཞིན་གྱིས་ཏིང་ངེ་འཛིན་ནི་ཡོད་དོ།། དེ་ཡང་དག་པར་སྦྱོར་བ་དེ་དང་བསྟེན་པས་རྗེས་སུ་འགྲོའོ།། སྒོམ་པ་རྗེས་སུ་འགྲོའོ།། མང་དུ་བྱ་བས་རྗེས་སུ
108a6 འགྲོའོ།། ཡང་དག་པར་ཡིད་ལ་བྱ་བས་རྗེས་སུ་འགྲོ་བ་ན་མངོན་པར་འདུ་བྱ་བ་མེད་ཅིང་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པ་སྟེ། རིམ་གྱིས་ཡོངས་སུ་སྤྱོད་དོ།། ཅིའི
108a7 ཕྱིར་རྣམ་པར་མི་རྟོག་པའི་དབྱིངས་ལ་རྣམ་པར་མི་རྟོག་པ་ཞེས་བྱ་ཞེ་ན། དཔྱད་པའི་རྣམ་པར་རྟོག་པ་ཐམས་ཅད་ལས་ཤིན་དུ་འདུས་པ་དང་། བསྟན་པ་དང་། དཔེས་རྣམ་པར་བརྟག་པ
108a8 ཐམས་ཅད་ལས་ཤིན་དུ་འདས་པ་དང་། དབང་པོར་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་དུ་འདས་དང་། ཡུལ་དུ་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་དུ་འདས་པ་དང་། རྣམ་པར་རིག།




iiif viewer powered by OpenSeadragon

107b - 108b

Texts on this page

F172 - 'phags pa rnam par mi rtog par 'jug pa zhes bya ba'i gzungs