| e-texts navigator |
| Wylie |
107b1 མཚན་མ་དང་། ཤེས་རབ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་སྟེ། འདི་ལྟ་སྟེ་ངོ་བོ་ཉིད་ལ་སྤྱོད་པ་འམ། ཡོན་ཏན་ལ་སྤྱོད་པ་འམ། སྙིང་པོ་ལ་སྤྱོད་པ་ཡང་རུང་།
107b2 དེས་དེ་དག་ཀྱང་ཡིད་ལ་མི་བྱེད་པ་ཡོངས་སུ་སྤོང་ངོ་།། དེས་དེ་དག་ཡོངས་སུ་སྤོང་བ་ན། གཞན་དེ་ཁོ་ན་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་རྣམས་སྣང་བར་འགྱུར་བའི་ཚུལ་གྱིས
107b3 ཀུན་དུ་འབྱུང་ཞིང་མངོན་དུ་འགྱུར་ཏེ། འདི་ལྟ་སྟེ་སྟོང་པ་ཉིད་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་དེ་བཞིན་ཉིད་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། ཡང་དག་པའི
107b4 མཐའ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཆོས་ཀྱི་དབྱིངས་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་སྟེ། འདི་ལྟ་སྟེ། རང་གི
107b5 མཚན་ཉིད་ལ་སྤྱོད་པ་འམ། ཡོན་ཏན་ལ་སྤྱོད་པ་འམ། སྙིང་པོ་ལ་སྤྱོད་པ་ཡང་རུང་། དེས་དེ་ཁོ་ན་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་དག་ཀྱང་ཡང་ཡིད་ལ་མི་བྱེད་པས་ཡོངསུ
107b6 སྤོང་ངོ་།། དེ་དེ་དག་ཡོངས་སུ་སྤོང་བ་ན། གཞན་ཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་རྣམས་སྣང་བར་འགྱུར་བའི་ཚུལ་གྱིས་ཀུན་དུ་འབྱུང་ཞིང་མངོན་དུ་འགྱུར་ཏེ། འདི་ལྟ་སྟེ་ས
107b7 དང་པོ་ཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་ནས། ས་བཅུ་པའི་བར་དུ་འཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་དཔྱོད
107b8 པ་རྣམ་པར་རྟོག་པའི་མཚན་མ་དང་། ལུང་བསྟན་པ་འཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག་པ།