e-texts navigator
Collection
Volume
Page
Wylie

106b1 ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱོད་ཀྱི་རྣམ་པར་མི་རྟོག་པར་འཇུག་པ་ཞེས་བྱ་བའི་གཟུངས་ཟུང་ཤིག། དེ་བཟུང་ནས་བྱང་ཆུབ་སེམས་དཔའ་མྱུར་སངས་རྒྱས་ཀྱི
106b2 ཆོས་རྣམས་སྒྲུབ་ཅིང་། རྟག་དུ་ཁྱད་པར་དུ་འང་འགྲོའོ།། དེ་ནས་འཁོར་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་སྣང་བ་ཞེས་བྱ་བ་སྟན
106b3 ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས
106b4 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཐོས་ནས། འཛིན་པ་དང་། ཀློག་པ་དང་།
106b5 ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པར་འགྱུར་བའི་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་བཤད་དུ་གསོལ།། དེ་སྐད་ཅེས་གསོ།
106b6 པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱིས་བུ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བཟུང་ཤིག་དང་། ངས་རྣམ་པར་མི་རྟོག་པར
106b7 འཇུག་པའི་བཟུང་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བཅོམ་ལྡ་འདས་ཀྱིས་ལྟར་ཉན
106b8 པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱིས་བུ་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག




iiif viewer powered by OpenSeadragon

106a - 107a

Texts on this page

F172 - 'phags pa rnam par mi rtog par 'jug pa zhes bya ba'i gzungs