e-texts navigator
Collection
Volume
Page
Wylie

106a1 ཆོས་བསུཾ་པ། @#རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ།
106a2 པོའི་ཁབ་ན་ཁམས་གསུམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ། རྣམ་པར་མི་རྟོག་པར་འཇུག་པ་ཆོས་ཀྱིས་དབྱིངས་ཀྱི་སྙིང་པོའི་ཁང་བཟང་ན། དགེ་སློང་གི་དགེ
106a3 འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་རྣམ་པར་མི་རྟོག
106a4 དང་རྣམ་པར་མི་རྟོག་སྣང་བ་དང་། རྣམ་པར་མི་རྟོག་ཟླ་བ་དང་། རྣམ་པར་རྟོག་མེད་དཔའ་བོ་དང་། རྣམ་པར་རྟོག་མེད་ཆོས་སྟོན་མཁས་པ་དང་། རྣམ་པར་རྟོག་མེད་ངོ་བོ་ཉིད
106a5 དང་། རྣམ་པར་རྟོག་མེད་བློ་གྲོས་དང་། རྣམ་པར་རྟོག་མེད་ང་རོ་དང་། རྣམ་པར་རྟོག་མེད་ཁྱབ་བྱེད་དང་། རྣམ་པར་རྟོག་མེད་དབང་ཕྱུག་དང་། རྣམ་པར་རྟོག་མེད་དབང་ཕྱུག
106a6 ཆེན་པོ་དང་། རྣམ་པར་རྟོག་མེད་བྱམས་པ་ཆེན་པོའི་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་ཐབས་གཅིག་གོ།།
106a7 དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་འདུན་གྱིས་བལྟས་ནས་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལོ་ཆོས་རྣམས་ཀྱིས་རྣམ་པར་མི་རྟོག་པ་ཉིད་ལས
106a8 བརྩམས་ཏེ་ཆོས་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་ལ་ཀུན་དུ་གཟིགས་ནས། བྱང་ཆུབ་སེམས་དཔའ་རྣམ།




iiif viewer powered by OpenSeadragon

105b - 106b

Texts on this page

F172 - 'phags pa rnam par mi rtog par 'jug pa zhes bya ba'i gzungs