| e-texts navigator |
| Wylie |
214b1 མངོན་པར་འཕགས་ན། བདུད་ཐམས་ཅད་དང་། བདུད་ཐམས་ཅད་ཀྱི་རིས་ཐམས་ཅད་དང་། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་ཐུབ་པར་བཀའ་བ་ཡིན་ནོ།།
214b2 ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་གནས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་དེ་བཞིན་བྱེད་པའི་གནས་དགེ
214b3 བའི་རྩ་བ་ཐམས་ཅད་ཡང་དག་པའི་བྱང་ཆུབ་ཏུ་ཡོངསསུ་བསྔོ་བའི་གནས་ཏེ། གནས་གཉིས་པོ་དེ་དག་གོ། ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི
214b4 སེམས་དེའི་ཆུད་མི་ཟ་བ་གཉིས་ཏེ། གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཞེ་སྡང་བ་མེད་པའི་སེམས་དང་། ལོག་པར་ཞུགས་པ་རྣམས་ཆེར་སྙིང་རྗེ
214b5 བ་སྟེ། གཉིས་པོ་དེ་དག་གོ། ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་ཟུང་དུ་འབྲེལ་བའི་ཆོས་གཉིས་ཏེ། དེ་གཉིས་དང་འབྲེལ་ན། ཐམས
214b6 ཅད་མཁྱེན་པའི་སེམས་དེས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་ཏེ། གཉིས་གང་ཞེ་ན། ཐབས་དང་ཤེས་རབ་སྟེ་གཉིས
214b7 བོ་དེ་དག་གོ།། ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་རྟོན་པ་གཉིས་ཏེ། གཉིས་གང་ཞེ་ན། བསྒྲུབ་པ་རྣམས་ལ་འགྱོད་པ་མེད་པ་སྟེ།