| e-texts navigator |
| Wylie |
213b1 འཆང་པ་དང་བྲལ་བ་ཡིན། བརྗོད་ངེས་པའི་འདུ་ཤེས་དང་བྲལ་བ་ཡིན། སྡིག་པའི་གྲོགས་པོ་དང་བྲལ་བ་ཡིན། དགེ་བའི་བཤེས་གཉེན་ལ་འཁྲུ་བ་དང་བྲལ་བ་ཡིན།
213b2 ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མི་འཐུན་པའི་ཕྱོགས་དང་བྲལ་བ་ཡིན་ཏེ། ཇི་ལྟར་ན་སེར་ན་དང་ངན་པའི་ངང་ཚུལ་དང་། གནོད་སེམས་དང་། ལེ་ལོ་དང་། གཡེང་བ་དང་།
213b3 འཆལ་བའི་ཤེས་རབ་དང་བྲལ་བ་ཡིན། ཆད་པ་དང་རྟག་པ་དང་བྲལ་བ་ཡིན། ཐབས་མི་མཁས་པའི་བསྡུ་བ་དང་བྲལ་བ་ཡིན། སྡིག་པའི་ཐམས་ཅད་དང་བྲལ་བ
213b4 ཡིན་ཏེ། ཀླུའི་བདག་པོ་ཐམས་ཅད་མཁྱེན་པ་སེམས་དེ་ལམ་ལོག་པ་དང་། ལམ་ལོག་པ་ངན་པ་ཉི་ཤུ་རྩ་གཉིས་པོ་འདི་དག་དང་བྲལ་ཏེ་རྣམ་པར་སྤངས་ན།
213b5 ཐམས་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ།། ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་དེ། རྒྱལ་མཚན་བཅུ་གཉིས་ཀྱི་མངོན་པར
213b6 འཕགས་ན། བདུད་ཐམས་ཅད་དང་། བདུད་ཀྱི་རིས་ཐམས་ཅད་དང་། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་ཐུབ་པར་དགའ་བ་ཡིན་ཏེ། བཅུ་གཉིས་གང་ཞེ་ན། ཚུལ
213b7 ཁྲིམས་ཀྱི་རྒྱལ་མཚོན་མཚན་གྱིས་མདོར་བར་འཕགས་པ་ཡིན། ཏིང་ངེ་འཛིན་གྱི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། ཤེས་རབ་ཀྱི་རྒྱལ་མཚན་གྱིས