| e-texts navigator |
| Wylie |
212b1 གིས་བསྡུས་ན། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ།། ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས
212b2 ཏེ། ཚོགས་བསགས་པ་རྣམ་པ་བཅུ་དྲུག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བར་འགྱུར་ཏེ། བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི
212b3 ཚོགས་བསགས་པ་ཡིན། ཐོས་པའི་ཚོགས་བསགས་པ་ཡིན། ཤེས་རབ་ཀྱི་ཚོགས་བསགས་པ་ཡིན། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱའི
212b4 ཚོགས་བསགས་པ་ཡིན། དགོན་པ་ལ་གནས་པའི་ཚོགས་བསགས་པ་ཡིན། ཇི་ལྟར་ཐོས་པའི་ཆོས་སྟོན་པའི་ཚོགས་བསགས་ཡིན། ཚངས་པའི་གནས
212b5 བཞིའི་ཚོགས་བསགས་པ་ཡིན། དགའ་བར་འགྱུར་བའི་ཆོས་ཀྱི་ཚོགས་བསགས་པ་ཡིན། དགེ་བ་བཅུའི་ལས་ཀྱི་ཁམ་གྱི་ཚོགས་བསགས་པ་ཡིན། ལུས་དང
212b6 ངག་དང་སེམས་ཀྱི་རྒྱན་གྱི་ཚོགས་བསགས་པ་ཡིན། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུང་བའི་ཚོགས་བརྩེགས་པ་ཡིན། འདོད་པ་ཆུང་བ་དང་། ཆོག་ཤེས
212b7 བ་དང་། རབ་ཏུ་དབེན་པའི་བསྒྲགས་པ་ཡིན། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཀྱི་ཡོངས་སུ་བསྔོ་བའི་ཚོགས་བརྩེགས་པ་ཡིན། ཞི་གནས་ཀྱི་ཚོགས