| e-texts navigator |
| Wylie |
211a1 ལའང་ཤིན་ཏུ་རབ་ཏུ་གནས་པ་དང་།། རྒྱུན་མི་འཆད་པར་ཆོས་ནི་སྟོན་པ་དང་།། བརྒྱུད་པ་མ་མཆིས་ཐོས་པ་འཛིན་པར་འགྱུར།། །
211a2 ཞི་གནས་རྗེས་སུ་འཐུན་དང་ལྷག་མཐོང་དང་།། ཤེས་རབ་ཟབ་དང་ཤིན་བློ་ལངས་དང་།། ཡེ་ཤེས་མཐའ་ཡས་རྟོགས་པ་མཉམ་མེད་དུ།། བྱང་ཆུབ་སེམ
211a3 དཔའ་མཁས་པ་ཇི་ལྟར་འགྱུར།། བདུད་ཀྱི་སྟོབས་བཅོས་ཤིན་ཏུ་ཐུལ་བར་དཀའ།། ངན་པའི་ཚོགས་ཆེན་ཕ་རོལ་སྨྲ་བ་འཇོམ།། རི་རབང་འདྲ་བར་མི་གཏོ
211a4 ཤིན་ཏུ་འཕགས།། དག་པའི་སེམས་ཅན་ཟླ་བ་ལྟ་བུར་སྤྱོད།། སྟོང་པ་མཚན་མེད་སྨོན་མེད་རྣམ་གྲོལ་དང་།། སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆོས་ངེས་དང་།
211a5 འདུས་བྱས་རྨི་ལམ་ངོ་བོ་ཉིད་མོས་པ།། དེ་ནི་མེ་སྨད་བདག་ལ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མ་དྲོས་པ་ལ་འདི་སྐད་ཅེས་བཀའ
211a6 སྩལ་ཏོ།། ཀླུའི་བདག་པོ་ལེགས་སོ་ལེགས་སོ།། ཀླུའི་བདག་པོ་ཁྱོད་ཇི་ལྟར་སྔོན་གྱི་དགེ་བའི་རྩ་བའི་རྒྱུན་འཐུན་པ་དང་། སྙིང་རྗེ་ཆེན་པོ་མ་བཏང་བ་དང་།
211a7 གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་བྱེད་པ་དང་། འཁོར་བ་ན་ཡོངས་སུ་མི་སྐྱོ་བ་དང་། སངས་རྒྱས་དང་། ཆོས་དང་།