| e-texts navigator |
| Wylie |
210b1 སེམས་དཔའ་རྣམས་ལ་བཤད་དུ་གསོལ།། བྱམས་པར་སྦྱོར་དང་སྙིང་རྗེར་འཇུག་པ་དང་།། དགའ་ལ་འཇུག་ཅིང་བཏང་སྙོམས་སྒོམ་པ་དང་། བསམ་ཏན
210b2 རྣམ་ཐར་རྣམས་ལ་སྦྱོར་དག་པ།། དེ་ནི་མ་སྨད་བདག་ལ་བཤད་དུ་གསོལ།། ཡང་དག་སྤོང་དང་དྲན་པ་ཉེར་གཞག་དང་།། རྫུ་འཕྲུལ་སྟོབས་དང་དབང་།
210b3 པོ་ལ་སྒོམ་དང་།། བྱང་ཆུབ་ཡན་ལག་བདེན་དང་ཡང་དག་བྱང་ཆུབ་རིག། ཡོན་ཏན་འབྱུང་གནས་རྣམས་ལ་བཤད་དུ་གསོལ།། སྦྱིན་དུ་ལ་སྡོམ་དང་ཚུལ
210b4 ཁྲིམས་ཕུན་སུམ་ཚོགས།། བཟོད་དང་དེས་དང་དེ་བཞིན་བརྩོན་འགྲུས་དང་།། ཤེས་རབ་ཐོབ་པས་རབ་ཏུ་རྟོགས་པ་རྣམས། ཇི་ལྟར་འགྱུར་དྲི་དག་བཤད
210b5 དུ་གསོལ།། མངོན་ཤེས་རིག་དང་སོ་སོ་ཡང་དག་རིག། དྲན་དང་ཤེས་བཞིན་དེ་བཞིན་བག་ཡོད་དང་། ཐབས་དང་ལྡན་དང་ཚུལ་ནི་རྟོགས་པ་རྣམས།།
210b6 བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཤད་གསོལ།། དགའ་དང་མཆོག་ཏུ་དགའ་ཡོན་ཏན་དགལ།། འཕགས་པའི་དབྱངས་དང་རིག་དང་ནོར་བདུན་དང་།།
210b7 དགོན་པར་གནས་ཤིང་ཉོན་མོངས་མ་མཆིས་གནས།། ཇི་ལྟར་འགྱུར་དེ་དེ་དག་བཤད་དུ་གསོལ།། ཇི་ལྟར་སློབ་པ་ཕུན་སུམ་ཚོགས་པ་དང་། གཟུངས