e-texts navigator
Collection
Volume
Page
Wylie

209b1 ཆུད་པས་ཚུལ་ཁྲིམས་ཀྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་སེམས་ཅན་སྡང་བ་ཐམས་ཅད་དང་དུ་ལེན་པའི་རང་བཞིན་ཅན་པས་བཟོད་པའི་སྟོབས་ཅན་རྣམས་ལགས།།
209b2 ཇི་ལྟར་ན་ལུས་དང་སྲོག་ལ་མི་ལྟ་བས་བརྩོན་འགྲུས་ཀྱི་སྟོབས་རྣམས་ལགས། ཇི་ལྟར་ན་རབ་ཏུ་ཞི་བ་ལ་གནས་ཤིང་བསམ་གཏན་ལས་ལྡོག་པ་ལ་ཡང་མཁས
209b3 བས་བསམ་གཏན་གྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་སྡིག་པའི་ལྟ་བ་རྣམས་དང་བྲལ་ཞིང་། མ་རིག་པ་དང་། གཏི་མུག་གི་མུན་པ་དང་ཡང་བྲལ་བས
209b4 ཤེས་རབ་ཀྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་ཆོ་ག་འཚལ་བས་ཐབས་ཀྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན
209b5 ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་འཚལ་བ་དང་། སྔོན་གྱི་སྐྱེ་བ་དང་། རྫུ་ལ་འཕྲལ་གྱི་བགྱི་བས་རྣམ་པར་རྩེན་པས་མངོན་པར་ཤེས་པ
209b6 ཐོབ་པ་རྣམས་ལགས། ཇི་ལྟར་ན་སྤོབས་པ་རྒྱུན་མི་ཆད་ཅིང་། ཚིག་དང་ཡི་གེ་མི་ཟད་པས་སྤོབས་པའི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་ཐོས་པ་ཐམས
209b7 ཅད་ཀུན་ཏུ་འཛིན་པས་གཟུང་ཐོབ་པ་རྣམས་ལགས། ཇི་ལྟར་ན་ཆོས་དཀོན་མཆོག་གཅིག་ལ་ཡང་དག་པར་གཞོལ་བས་བརྒྱུད་པ་མ་མཆིས་པ་དང་། རྒྱ་མཚོའི




iiif viewer powered by OpenSeadragon

209a - 210a

Texts on this page

F154 - 'phags pa klu'i rgyal po ma dros pas zhus pa zhes bya ba theg pa chan po'i mdo