| e-texts navigator |
| Wylie |
209a1 སླད་དུ་ཆོས་ཐམས་ཅད་ལ་འཇུག་པའི་ཤེས་པའི་སྒོ་ལ་འཇུག་པ། བདུད་ཀྱི་ཕྱོགས་ཚར་གཅོད་པ། ལྟ་བར་གྱུར་པ་ཐམས་ཅད་རྣམ
209a2 བར་འཇིག་པ། ཉོན་མོངས་པ་ཐམས་ཅད་དང་བྲལ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་པ་སོ་སོར་ཡང་དག་པར་རིག་པ་ལ་འཇུག་པ།
209a3 ཆོས་ཐམས་ཅད་རབ་ཏུ་སྟོན་པ། ཇི་ལྟར་མོས་པ་བཞིན་ཆོས་ལས་རྣམ་པར་གྲོལ་བར་བགྱིད་པ་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་བདགས་པའི་སླད་དུ།།
209a4 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས
209a5 དཔའ་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་བཅོས་པས་ཡེ་ཤེས་ཀྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་ལས་ཀྱི་རྣམ་པར་སྨིན་ལ་སྟོན་པས་ཆོས་ཀྱི
209a6 སྟོབས་རྣམས་ལགས། ཇི་ལྟར་ན་འཇིག་རྟེན་གྱིས་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་ལ་སེར་སྣ་མ་མཆིས་པས། སྦྱིན་པའི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་རྣམ
209a7 བར་སྨིན་པ་ལ་མི་རེ་བ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་རྣམས་ལེགས། ཇི་ལྟར་ན་སྨོན་ལམ་གྱིས་ཡང་དག་པར་སོང་ཞིང་། ངན་སོང་ཐམས་ཅད་ཀུན་ཏུ