e-texts navigator
Collection
Volume
Page
Wylie

208b1 དང་སྨིག་རྒྱུ་དང་། ཆུ་ཟླ་ལྟ་བུའི་ཆོས་ཀྱི་ཚུལ་ལ་ཤིན་ཏུ་ཞུགས་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་གདུང་རིགས་འཛིན་པ། ཆོས་ཀྱི་འཁོར་ལོ
208b2 རབ་ཏུ་སྐོར་བ། དགའ་བ་དང་། མཆོག་ཏུ་དགའ་བ་དང་། དང་བ་རབ་ཏུ་ཐོབ་པ། ཨུ་དུམ་བ་རིའི་མེ་ཏོག་ལྟར། འབྱུང་བར་ཤིན་ཏུ་དཀའ་བ། རྩེ་ཅིག་ཏུ་ཡིད་ལ་བགྱིད
208b3 བ་མ་འདྲེས་པ། རྣམ་པའི་ཕྱོགས་ཐམས་ཅད་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ཆད་དུ། བདག་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བར་འཚལ་ལོ།། བཅོམ་ལྡན
208b4 འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བས་ཀྱང་། ཁྱད་དུ་འཕགས་པའི་ཆོས་ལ་རབ་ཏུ་ཞུགས་པ་རྣམས་དང་། སེམས་ཅན་རྣམས་ཀྱི་ཆེད་དུ། བདག
208b5 དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱིས་རྣམ་པར་རྩེན་པ། རྡོ་རྗེ
208b6 ལྟ་བུའི་ཡོན་ཏན་ལ་འཇུག་པ། སྤྱོད་པ་ཟབ་མོ་དང་། གཟུངས་ཀྱི་སྒོའི་དཀྱིལ་འཁོར་ལ་འཇུག་པ་བཤད་དུ་གསོལ། ཉན་ཐོས་གདུལ་བའི་སླད་དུ། བདེན་པ་བཞིན
208b7 རྣམ་པར་གདོན་མི་འཚལ་བ་ལ་འཇུག། རང་སངས་རྒྱས་གདུལ་བའི་སླད་དུ་བརྟེན་པའི་ཆོས་ལ་འཇུག་པ་ཤེས་པའི་སྒོ་ལ་འཇུག་པ། ཐེག་པ་ཆེན་པོ་པ་གདུལ་བའི




iiif viewer powered by OpenSeadragon

208a - 209a

Texts on this page

F154 - 'phags pa klu'i rgyal po ma dros pas zhus pa zhes bya ba theg pa chan po'i mdo