e-texts navigator
Collection
Volume
Page
Wylie

208a1 པ་སེམས་མ་ཞུམ་པ། བརྩོན་འགྲུས་བརྟན་པའི་གོ་ཙ་ཤིན་ཏུ་བགོས་པ། ཡོངས་སུ་མི་སྐྱོ་བ། དགེ་བའི་རྩ་བའི་ཚོགས་དཔག་ཏུ
208a2 མ་མཆིས་པ་བརྩེགས་པ། ཚུལ་ཁྲིམས་དང་ཐོས་པས་མི་ངོམས་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། ཐ་དད་པའི་འདུ་ཤེས་དང་བྲལ་བ། མཐར་ལྟ
208a3 བ་གཉི་ཀ་དང་བྲལ་བ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་ཤེས་པ་ལ་མཁས་པ། སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་ཟབ་མོ་ལ་རབ་ཏུ་ཞུགས་པ་ཟབ་ཅིང་གཏིང
208a4 དཔག་དཀའ་བ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བགྱིད་པ་དང་བྲལ་བ་ཐམས་ཅད་མཁྱེན་པའི་སེམས་བསྒྱུད་པ། བསམ་པ་རྡོ་རྗེ་ལྟར་བརྟན་ཏེ། མི་བྱེད
208a5 པརྫབློ་ཟླ་བ་ལྟར་དྲི་མ་མ་མཆིས་ཤིང་། ཤིན་ཏུ་དཀར་བ། སེམས་ན་མཁའི་དཀྱིལ་དང་མཚུངས་པ། བསྐལ་བ་གྲངས་མ་མཆིས་པར་ཡོངས་སུ་མི་སྐྱོ་བ། ས
208a6 འཛིན་པ་སེམས་དང་ཆུ་དང་མེ་དང་རླུང་མཉམ་པ། གནོད་སེམས་དང་། ཐ་བ་དང་། ཞེ་སྡང་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་ཡང་དག
208a7 བར་ཆད་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སྨོན་ལམ་ཤིན་ཏུ་བཏབ་པ། སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། ཟག་ན




iiif viewer powered by OpenSeadragon

207b - 208b

Texts on this page

F154 - 'phags pa klu'i rgyal po ma dros pas zhus pa zhes bya ba theg pa chan po'i mdo