e-texts navigator
Collection
Volume
Page
Wylie

207b1 གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་སྣང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ
207b2 ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ། ཀླུའི་རྒྱལ་པོ་མ
207b3 དྲོས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་ཁྱོད་སེམས་ཅན་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པ་ལ་ཅི་འདྲ་བ་ཞིག་ཡོངསུ་དྲི་བར་འདོད།། གསོལ་པ།
207b4 བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་མཆོག། སེམས་ཅན་ཆེན་པོ་སྐྱེས་བུ་དམ་པ་སེང་གེ་ལྟར་རྣམ་པར་རྩེན་པའི་སེམས་ཅན་རྣམས་ཀྱི
207b5 ཆེད་དུ། དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བར་འཚལ་ལོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཡོངས་སུ་འདྲེན་པ། འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པ།
207b6 སྤྱོད་པ་དང་བསམ་པ་རྣམ་པར་དག་པ། ཕན་པའི་དངོས་ལ་ཡང་དག་པར་ཞུགས་པ། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན
207b7 བགྱིད་པ། སྟོབས་བཅུའི་སྟོབས་ཀྱི་ཤུགས་ལ་ཡང་དག་པར་ཞུགས་པ། ངན་པའི་ཚོགས་ཅན་གྱི་སྨྲ་བ་ཡང་དག་པར་རབ་ཏུ་འཇིག་པ། བདུད་ཕྱིར་རྒོལ་བ་བཅོམ




iiif viewer powered by OpenSeadragon

207a - 208a

Texts on this page

F154 - 'phags pa klu'i rgyal po ma dros pas zhus pa zhes bya ba theg pa chan po'i mdo