e-texts navigator
Collection
Volume
Page
Wylie

207a1 བརྒྱ་སྟོང་ཕྲག་དུ་མས་བསྐོར་ནས། མདུན་གྱིས་བྱས་ནས་ཆོས་སྟོན་ཏོ།། དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་ཅུ
207a2 རྩ་བརྒྱད་དང་། ཀླུའི་བུ་མོ་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་ཏེ། མདུན་དུ་འདར་ནས། སིལ་སྙན་དང་། ཀླུ་དབྱངས་ལེན་ཅིང་། ཀླུའི་མཐུས་ཆེན་པོ་དང་། ཀླུའི
207a3 རྫུ་འཕྲུལ་ཆེན་པོས། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་།
207a4 བ་དན་རྣམས་ཐོགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས
207a5 ལ་ལན་གསུམ་བསྐོར་བ་བྱས་ནས། ཇི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས
207a6 དང་རྫརྒྱལ་མཚན་དང་། བ་དན་དང་། སིལ་སྙེན་དང་། ཕེག་རྡོ་དང་། དེ་དག་གིས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། གུས་པ་དང་བཅས། ཞེས
207a7 དང་བཅས་ཤིང་། རང་གི་སྐྱེ་བོའི་འཁོར་དང་ཕྱོགས་གཅིག་ཏུ་འདུག་གོ། འདུག་ནས་ཀྱང་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།




iiif viewer powered by OpenSeadragon

206b - 207b

Texts on this page

F154 - 'phags pa klu'i rgyal po ma dros pas zhus pa zhes bya ba theg pa chan po'i mdo