e-texts navigator
Collection
Volume
Page
Wylie

266a1 བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་བཞུགས་སོ།།
266a2 དེ་ནས་རྒྱལ་པོ་ཆེན་པོ་རྣམས་ཐོས་ཀྱི་བུ་ཁ་དོག་འཕགས་པ། གཡོག་འཁོར་ནོད་སྦྱིན་དུ་མ་དང་། གཡོག་འཁོར་གནོད་སྦྱིན་བརྒྱ་ཕྲག་དུ་མ་དང་། གཡོག་འཁོར་གནོད་སྦྱིན
266a3 སྟོང་ཕྲག་དུ་མ་དང་། གཡོག་འཁོར་གནོད་སྦྱིན་འབུམ་ཕྲག་དུ་མ་དང་། ནམ་སྲོས་པ་དང་། བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབ
266a4 ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུགས་གོ། དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་ཁ་དོག་གི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོ
266a5 གསལ་བར་གྱུར་ཏོ།། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཕྱོགས་གཅིག་ཏུ་འདུག་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། རྐང་གཉིས་དམ་པ་རྫོགས
266a6 སངས་རྒྱས།། བློ་ལྡན་ཁྱོད་ཀྱི་གང་མཁྱེན་པ།། ལྷ་རྣམས་ཀྱིས་ནི་དེ་མ་འཚལ།། དཔལ་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། སངས་རྒྱས་གང་དག་འདས་པ་དང་།། ད་ལྟར
266a7 བྱུང་དང་མ་བྱོན་པ།། ཐམས་ཅད་ལ་ནི་བདག་ཕྱག་འཚལ། ཁྱོད་ལ་བདག་ནི་སྐྱབས་སུ་མཆི། བརྫུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་སློང་དང་། དགེ་སློང
266a8 མ་དང་། དགེ་སྙེན་དང་། དགེ་བསྙེན་མ་གང་དག་གནས་ལམ་དཀོན་པ་དག་དང་། ནགས་མད་བ་དག་དང་། བས་མཐའ་དག་ན་གནས་པ་དག་ཀྱང་མཆིས་ལ། དེན




iiif viewer powered by OpenSeadragon

265b - 266b

Texts on this page

F151 - mdo chen po kun tu rgyu ba dang kun tu rgyu ba ma yin pa dang mthun pa'i mdo zhes bya ba