| e-texts navigator |
| Wylie |
338a1 རྫོགས་པར་འགྱུར་ཞེ་ན། མཆོག་ཏུ་དགའ་བ་དང་། དགེ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་། ཏིང་ངེ་འཛིན་ཏོ།།
338a2 ཚེ་དང་ལྡན་པ་དག་དེ་ཆོས་ལྔ་པོ་དག་ཀུན་ཏུ་བརྩེགས་ཤིང་ཉེ་བར་བརྩེགས་ན། ཟུག་རྔུ་བརྒྱད་མེད་པར་འགྱུར་ཏེ། འདི་ལྟ་སྟེ། འདོད་ཆགས་ཀྱི་ཟུག་རྔུ་དང་། ཞེ་སྡང་གི
338a3 ཟུག་རྔུ་དང་། གཏི་མུག་གི་ཟུག་རྔུ་དང་། ང་རྒྱལ་གྱི་ཟུག་རྔུ་དང་། ལྷའི་ཟུག་རྔུ་དང་། ཐེ་ཚོམ་དང་། སོམ་ཉིའི་ཟུག་རྔུའོ།། ཟུག་རྔུ་བརྒྱད་པོ་དེ་དག་མེད་པར་གྱུར་ན།
338a4 མི་སློབ་པའི་ཆོས་བཅུ་ཐོབ་པར་འགྱུར་ཏེ། མི་སློབ་པའི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི
338a5 མཐའ་དང་། ཡང་དག་པའི་མཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་རྣམ་པར་གྲོལ
338a6 བ་དང་། ཡང་དག་པའི་ཡེ་ཤེས་སོ།། དེ་མི་སློབ་པའི་ཆོས་བཅུ་པོ་དེ་དག་སྐྱེས་ཤིང་ཐོབ་སྟེ། ལྡན་ན་འཕགས་པར་འགྱུར་ཏེ། ཡན་ལག་ལྔ་སྤངས་པ། ཡན་ལག
338a7 དྲུག་དང་ལྡན་པ། བསྲུང་བ་གཅིག་དང་། སྟོན་པ་བཞི་དང་ལྡན་པ། སོ་སོའི་བདེན་པ་བསྩལ་པ། བསྩལ་བ་སྤངས་པ། ཀུན་ཏུ་རྟོག་པའི་རྟོག་པ་མེད་པ། ལུས་ཀྱི
338a8 འདུ་བྱེད་ཤིན་ཏུ་སྦྱངས་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། མ་འདྲེས་པའི་བསྙེན་པའི་སྐྱེས་བུ་དམ་པ་ཞེས་བྱའོ།།