| e-texts navigator |
| Wylie |
336b1 ནི་སྡུག་བསྔལ་བའོ།། དལ་བ་ཕུན་སུམ་ཚོགས་པ་ནི་རྙེད་དཀའ་བའོ།། འདོད་པས་གསོད་པར་བྱེད་པས་རྟག་ཏུ་རྗེས་སུ་བཅིངས་པའོ།། བདག་ནི་འགྲོ་བ་ལས་མ
336b2 འདས་པའོ།། བདག་ནི་ངན་སོང་དག་ལས་ཡོངས་སུ་མ་གྲོལ་བའོ།། བདག་ནི་ལྟ་བར་གྱུར་པ་དཔག་ཏུ་མེད་པ་དང་། ཡང་དག་པར་ལྡན་པའོ།། བདག་ནི་མཚམས་མེད
336b3 པའི་ལས་རྣམས་མི་བྱ་བའི་ཕྱིར་གནས་མ་བྱས་པའོ།། བདག་ནི་སྐྱེ་བའི་འཁོར་བ་ཐོབ་མ་དང་། ཐ་མ་མེད་པའི་མཐར་མ་བྱས་པའོ།། མཐར་མ་བྱས་ན་བྱེད་པ་གཞན
336b4 མེད་དོ།། མ་བྱས་ན་བདེ་བའི་ངོ་བོ་མེད་དོ།། ལས་བྱས་པ་རྣམས་ནི་ཆུང་ཟ་བ་མེད་དོ།། བདག་ནི་མ་རིག་པར་གྱུར་ཅིང་མི་ཁོམས་པས་འཆི་བའི་དུས་བྱེད་པར་འགྱུར
336b5 རོ་ཞེས་སོ་སོའི་སྐྱེ་བོའི་སེམས་སྐྱོ་བར་བྱའོ།། དེས་ན་རྣམ་པ་ཉི་ཤུ་བོ་དེ་རྣམས་ཀྱིས་སེམས་སྐྱོ། ཤིན་ཏུ་སྐྱོ།། སྐྲག། ཤིན་ཏུ་སྐྲག། བཀག། ཤིན་ཏུ་བཀག
336b6 ན་རྣམ་པ་གཞན་ཉི་ཤུས་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་ཏེ། དེ་སེམས་ཀྱི་མཚན་མ་ཡིད་ལ་བྱེད་པའི་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་པའོ།། །
336b7 དེ་སེམས་བླ་ན་མེད་པ་འམ། སེམས་རྩེ་གཅིག་པ་འམ། ཏིང་ངེ་འཛིན་གྱི་མཚན་མ་འམ། ཏིང་ངེ་འཛིན་ལ་གནས་པའི་མཚན་མ་འམ། ཏིང་ངེ་འཛིན་ལས་ལྡང
336b8 བའི་མཚན་མ་འམ། ཞི་གནས་ཀྱི་མཚན་མ་འམ། རབ་ཏུ་འཛིན་པའི་མཚན་མ་འམ། གཏང་སྙོམས་ཀྱི་མཚན་མ་འམ། སྤྱོད་ཡུལ་མ་ཡིན་པ་སྤང་བ་འམ།