| e-texts navigator |
| Wylie |
331b1 ཆོས་སྨྲ་བའི་གང་ཟག་ལ་གུས་པར་བྱ་བ་དང་། ཆོས་ལ་མི་བརྙས་པ་དང་། ཆོས་སྨྲ་བའི་གང་ཟག་ལ་མི་བརྙས་པ་དང་། བདག་ལ་མི་བརྙས་པ་དང་། རྩེ་གཅིག་པའི་སེམས་དང་།
331b2 ཀུན་ཤེས་པར་བྱ་བའི་སེམས་དང་། རྣ་བླགས་ཏེ་ཉན་པ་དང་། སེམས་བསྡུས་པ་དང་། སེམས་ཅན་ཐམས་ཅད་ཀྱིས་བསམས་ཏེ། ཆོས་མཉན་པར་བྱའོ།། དེ་དེ་ལྟར་ཆོས
331b3 ཡང་དག་པར་ཉན་པ་དང་། མྱ་ངན་ལས་འདས་པ་གཅོར་བྱ་བ་དད་ཅིང་སེམས་དང་བ་སྐྱེ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཅོར་བྱ་བ་ལ་སེམས་མཆོག་ཏུ་དགའ
331b4 བ་དང་། ཡིད་རངས་པ་སྐྱེ་བར་འགྱུར་རོ།། མྱ་ངན་ལས་འདས་པ་ལ་གཅོར་བྱ་བ་ལ་ཟང་ཟིང་མེད་པའི་དགའ་བ་སྐྱེ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཙོར་བྱ་བ་ལ
331b5 ཉེ་བའི་ཉོན་མོངས་པ་རྣམས་སྤོང་ཞིང་། སེམས་མཉམ་པར་འཇོག་པ་དང་། སོམ་ཉི་རྣམས་སེལ་བ་དང་། ལྟ་བ་དྲང་པོར་བྱེད་པར་འགྱུར་རོ།། མྱ་ངན་ལས་འདས་པ་གཅོར
331b6 བྱ་བ་ལ་སེམས་རྣལ་འབྱོར་དུ་འགྱུར་བ་དང་། རྟུན་པ་དང་། རྗེས་སུ་བརྩོན་པ་དང་། སྤོང་བ་དང་། ནང་དུ་ཡང་དག་འཇོག་པ་དང་། དོན་གྱི་མཆོག་ཐོབ་པར་འགྱུར་རོ།།
331b7 མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་འདུ་བྱེད་ཐམས་ཅད་ཞི་བ་དང་། སྟོང་པ་ཉིད་དུ་དམིགས་པ་དང་། སྲེད་པ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ
331b8 དང་། མྱ་ངན་ལས་འདས་པ་ལ་སེམས་རབ་ཏུ་འཇུག་ཅིང་དང་བ་དང་། ཡང་དག་པར་གནས་པ་དང་། རྣམ་པར་གྲོལ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཅོར་བྱ