| e-texts navigator |
| Wylie |
330a1 ལྡན་ལ་གནོད་མེད་གཞན་ཅི་སྨོས།། ཚུལ་ཁྲིམས་ཅན་གྱི་དགེ་སློང་འོད་དང་ལྡན།། ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ།། ཚུལ
330a2 ཁྲིམས་ལྡན་པ་མཐོ་རིས་འགྲོ་བའི་རྒྱུ།། ཇི་ལྟར་མིག་མེད་གཟུགས་ལྟ་མི་རུང་ལྟར།། དེ་བཞིན་ཚུལ་ཁྲིམས་ཆོས་ཀུན་བསྐྱེད་པའི་གཞི།། ཇི་ལྟར་རྐང་མེད་ལམ་འཇུག་པ།
330a3 ལ་ནུས།། དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར།། ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད།། དེ་བཞིན་ཚུལ་ཁྲིམས་ཆོས་ཀུན་བསྐྱེད་པའི་གཞི།། ཇི་ལྟར་བུམ་ཆག
330a4 རིན་ཆེན་སྣོད་མི་རུང་།། དེ་བཞིན་ཚུལ་ཁྲིམས་རལ་ན་ཆོས་ཀུན་གཏུགས།། དང་པོ་ཚུལ་ཁྲིམས་མ་ཐོབ་གྱུར་པ་དེས།། ཕྱིས་ནས་མྱ་ངན་འདས་པ་ཐོབ་སྙམ་འམ།
330a5 སྣ་མེད་རྣ་རྡུམ་ལ་སོགས་གང་ཡིན་པ།། དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར།། རྣ་བས་མང་ཐོས་མིག་སྔར་མ་མཐོང་ཡང་།། བསྟན་བསྲུང་མི་དེས་མཐོ་རིས་འགྲོ་བར
330a6 འགྱུར།། ཐོས་མིན་ཐོས་ལྡན་ཐོས་བསྲུལ་མཐོ་རིས་ཉིད།། བུད་མེད་ཡིད་བརྟན་ག་ལ་རུང་།། རྒྱལ་པོའི་ཕོ་བྲང་ག་ལ་དགའ།། དབུ་བའི་སྙིང་པོ་ག་ལ་ཡོད།། ལོངས་སྤྱོད
330a7 རྟག་པ་ག་ལ་ཡིན།། བུད་མེད་དག་ལ་རུང་བ་མེད།། རྒྱལ་སྲིད་དག་ལ་དགེ་བ་མེད།། དབུ་བ་དག་ལ་སྙིང་པོ་མེད།། ལོངས་སྤྱོད་དག་ལ་རྟག་མེད།། ལོངས་སྤྱོད
330a8 དག་ནི་འབབ་ཆུ་བཞིན།། གྲུ་ཅི་འདྲ་བ་ཁྱིམ་དེ་བཞིན།། མེ་ཏོག་ཅི་འདྲ་གཟུགས་དེ་བཞིན།། སྲོག་ནི་ཆུ་བུར་འདྲ་བ་ཡིན།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ