e-texts navigator
Collection
Volume
Page
Wylie

329b1 པ་དུས་ཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་དང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཆལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་བྱེད་དང་བ
329b2 གསུམ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྐུ་པ། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་འཆད། ཚེའི་འདུ་བྱེད་ནི་འདོར།
329b3 སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་ན་བརྩོན་འགྲུས་དང་བརྟུལ་བས་བརྟན་པོར་བསྒྲུབ་པར་མི་བྱེད། མི་ལུས་ཐོབ་པ་ནི་ཤིན་དུ་རྙེད་པའི་རྒྱལ་བའི་བསྟན
329b4 པ་ལ་རབ་ཏུ་འབྱུང་བའང་རྙེད་ན། ཐར་པའི་དོན་དང་མི་མཐུན་པ་དག་བསླུས་ཤིང་། སྡུག་བསྔལ་བར་གྱུར་ཏ་རེ། སྲོག་དང་བྲལ་ཞིང་ཤི་བ་ནི་སླའོ།། ཚུལ་ཁྲིམས་རལ་ཅིང་ཞིག
329b5 པ་ནི་དེ་ལྟ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་བ་དེ་ཉིད་ཀྱི་སྐྱེ་བོར་ཞིག་པར་ཟད་ཀྱི། ཚུལ་ཁྲིམས་ཉམས་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང
329b6 བདེ་བ་སྤངས་ཏེ། རྣམ་པར་ལྷུང་ཞིང་ཉམས་པར་འགྱུར་རོ།། དེའི་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་སྔགས་བཤད། ཚུལ་ཁྲིམས་བསྲུངས་པས་སངས་རྒྱས་འབྱུང་དང་ཕྲད།
329b7 ཚུལ་ཁྲིམས་ལྡན་པ་རྣམས་ཀུན་གྱི་མཆོག། ཚུལ་ཁྲིམས་འབྱོར་པ་དྲི་དང་བྱུག་པ་ཡིན།། ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱིས་གནས།། ཚུལ་ཁྲིམས་གདུང་བ་སེལ་བ་བསེ
329b8 བའི་ཆུ།། ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད།། ཚུལ་ཁྲིམས་དག་གི་འགྲོ་བ་དམ་པའི་མནོས།། ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་།། ཚུལ་ཁྲིམས




iiif viewer powered by OpenSeadragon

329a - 330a

Texts on this page

F136 - tshul khrims yang dag par ldan pa'i mdo