| e-texts navigator |
| Wylie |
317a1 ཕྲག་བདུན་བཅུ་རྩ་ལྔར་གནས་པར་འགྱུར་རོ།། རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུང་བསྟན་པ་ན། སྲོག་ཆགས་བརྒྱད་ཁྲི
317a2 བཞི་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏོ།། རིགས་ཀྱི་བུ་དེའི་ཚེ། དེའི་དུས་ཀྱི་དེ་བཞིན་གཤེགས་པ། གཞན་ཞིག་ཡིན་པ་སྙམ་དུ་དོགས་ཤིང་ཐེ་ཚོམ་ཟ་འམ། ཡིད
317a3 གཉིས་སུ་གྱུར་ན། དེ་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཅེས་བྱ་བ་འདི། དེའི
317a4 ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་མི་བྱུང་བ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེར་ཆོས་བསྟན་པར་གྱུར་ཏོ།། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། གཞོན་ནུ་རིན་ཆེན་འབྱུང
317a5 གནས་ཤེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་དོགས་ཤིང་ཐེ་ཚོམ་ཟ་འམ། ཡིད་གཉིས་སུ་གྱུར་ན། དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྤྱན་རས
317a6 གཟིགས་དབང་ཕྱུག་འདི། དེའི་ཚེ་དེའི་དུས་ན། རྒྱལ་པོ་རྒྱལ་བ་ཐོབ་པ་ཞེས་བྱ་བ་དེའི་བུར་གྱུར་ཏེ། དེ་བཞིན་གཤེགས་པ་དེས། ང་ལས་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བར་ལུང
317a7 བསྟན་ཏོ།། དེ་ནས་འཁོར་དེའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་དགའ་ཞེས་བྱ་བས། བཅོམ་ལྡན་འདས་ལ་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས
317a8 ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་ལམ་དུ་གྲག་པར་ཡང་མི་འགྱུར་ན། གང་དག་ཡི་གེར