| e-texts navigator |
| Wylie |
222b1 བར་བགྱི།། འཁོར་བའི་བཙོན་རར་བཅིངས་པ་ཡི།། སེམས་ཅན་བྱེ་བ་དགྲོལ་བར་བགྱི།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ
222b2 ཚིག་སུ་བཅད་པ་བདག་གིས་ལེག་སོ།། ཞེས་བྱ་བ་བྱིན་ཏེ། ཚིག་འདི་སྨྲ་བ་ལེགས་པ་ཡིན། སེམས་ནི་རབ་ཏུ་བསྡོམ་པ་ལེགས། ཁྱོད་ཀྱི་བདུད་ནི་ལེགས
222b3 པར་མནན། རྫོགས་སངས་རྒྱས་སུ་ཁྱོད་འགྱུར་རོ།། དེ་ནས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་དགའ་ཞིང་མགུ་ལ་རབ་ཏུ་དགའ་བ་དང་། དགའ་ལ་ཡིད
222b4 བདེ་བ་བསྐྱེས་ནས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཟའ་བ་དང་། བཅའ་བ་མང་པོའི་ཚིམ་པར་བྱས་སོ།། དེ་ནས་བཅོམ
222b5 ལྡན་འདས་སྲུང་སྡེར་ནི་རྒྱུ། ཕྱག་ནི་བཅགས་ནས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ་ཆོས་ཀྱི་གཏམ་རྒྱས་ཡང་དག་པར་བསྟན། ཡང་དག་པར་འཛིན
222b6 དུ་བཅུག། ཡང་དག་པར་གཟེང་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ལུང་བསྟན་ཏེ། བདེ་ལྡན་མ་ཁྱོད་མ་འོང་བའི་དུས་བསྐལ་པ་དུ་མ
222b7 ཞིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་དང་མི་རྣམས་ཀྱི་བསྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན
222b8 རིན་ཆེན་དཔལ་ཞེས་བྱ་བར་འགྱུར་རོ།། ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་ཡང་མཆོག་ཏུ་ཡོངསུ་དག་པར་འགྱུར་ཏེ། ངན་སོང་ངན་འགྲོ་ལོག་པར་ལྷུང་བའི་སྡུག་བསྔལ