e-texts navigator
Collection
Volume
Page
Wylie

221b1 བགྲང་བ་ལས་འདས་པ་རྣམས་ཅི་ལས་གྲུབ་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ་ཚིགས་སུ་གཅད་དེ
221b2 བཀའ་སྩལ་པ།། སངས་རྒྱས་ཡེ་ཤེས་འདོད་པས་ན།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ངས་ཀྱང་འདི་ལྟར་ལྗོན་པའི་ཤིང་།། སྔོན་ནི་ལེགས་པ་ཁོ་ནར
221b3 བསྐྱེད།། སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་།། དེ་བཞིན་བརྩོན་འགྲུས་བསམ་གཏན་བསྩགས།། ཡུན་རིང་དུས་ནས་ཏིང་འཛིན་དང་།། ཤེས་རབ
221b4 ངེས་པར་བསྟན་པ་ཡིན།། སེམས་ཅན་རྣམས་ལ་མི་མཉམ་སེམས།། ངས་ནི་བསྒོམ་པར་མི་དྲན་དེ།། རྟག་ཏུ་སེམས་ནི་མཉམ་གྱུར་པར།། སངས་རྒྱས
221b5 ཉིད་ནི་ངས་བརྙེས་སོ།། ང་ཡི་སེམས་ནི་མཉམ་པ་ཡིས།། རྟག་ཏུ་བསྔག་དང་མི་བསྡུག་དང་།། མཛའ་དང་མི་མཛའ་སྙོམས་པས་ན།། བསོད་ནམས་ཤིང
221b6 ནི་རྣམ་པར་བསྐྱེད།། དེ་ནས་ལྗོན་ཤིང་ཆེན་པོ་འདི།། ཡོན་ཏན་མང་པོར་གྱུར་པ་ཡིན།། འཁོར་ལོ་གྱུར་ཉིད་ངས་ཐོབ་སྟེ། བརྒྱ་བྱིན་ཉིད་ཀྱང་བྱས་པ་ཡིན།།
221b7 རྣམས་དབང་དབང་ཕྱུག་ཆེན་པོ་དང་།། ཚངས་པ་ཉིད་ཀྱང་དེ་ལས་ཐོབ།། བསམ་གྱི་མི་ཁྱབ་སངས་རྒྱས་ཆོས།། མཚན་ཉིད་དག་ཀྱང་ངས་པརྟོགས་སོ།། དེ་ནས་རྒྱལ་པོའི
221b8 བཙུན་མོ་བདེ་ལྡན་མས།། བཅོམ་ལྡན་འདས་ཀྱི་ཡོན་ཏན་རྣམས་ཐོས་ནས།། བཅོམ་ལྡན་འདས་ཀྱི་ལེགས་པར་རབ་ཏུ་གསུངས་པ་ལ་མངོན་པར་བསྟོད་དེ




iiif viewer powered by OpenSeadragon

221a - 222a

Texts on this page

F124 - 'phags pa bde ldan ma lung bstan pa zhes bya ba theg pa chen po'i mdo