| e-texts navigator |
| Wylie |
221a1 སྡུག་བསྔལ་ཀུན་གྱིས་ཉེན་པ་ཡི།། སེམས་ཅན་རྣམས་ནི་བདག་གིས་དགྲོལ།། འཇིག་རྟེན
221a2 ཀུན་ལ་སྙིང་རྩེ་བའི།། སྐྱབསུ་བདག་ནི་གྱུར་པ་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ་བཀའ
221a3 སྤྲུལ་པ། བདེ་ལྡན་མ་གང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་རྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས
221a4 ཀྱི་དོན་དང་། ལྷ་རྣམས་དང་། མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུགས་ལེགས་སོ།། ལེགས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན
221a5 འདས་ལ་རྒྱལ་པོའི་བཙུན་མོ་བདེ་ལྡན་མས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་སྐ་ལ་སྐྱེ་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང
221a6 དཔེ་བྱེད་བཟང་པོ་བརྒྱད་ཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས
221a7 མ་འདྲེས་པ་བརྒྱད་དང་། བྱམ་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་འདི་རྣམས་ཅི་ལས་གྲུབ་ལགས། དེ་བཞིན་དུ
221a8 གཞན་ཡང་སངས་རྒྱས་ཀྱི་ཆོས་དཔག་ཏུ་མ་མཆིས་པ་དང་། བསམ་གྱིས་མི་ཁྱབ་པ་དང་། བཞལ་དུ་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་།