| e-texts navigator |
| Wylie |
136a1 བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན
136a2 པ། ཀུན་དུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ
136a3 པ་ཉིད་བརྙེས་པ། སྒྲིབ་པ་མེད་པའི་རྟོག་པ་བརྙེས་པ། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་སྤྱོད་ཡུལ་གྱིས་མི་འཕྲོགས་པ། སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་རྒྱུན་མི་གཅོད་པ།
136a4 བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ། མཚན་ཉིད་མེད་པའི་ཆོས་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ། དུས་གསུམ་མཉམ་པ་ཉིད་ཐར་ཕྱིན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས
136a5 པའི་སྐུ་དང་ལྡན་པ། ཆོས་ཐམས་ཅད་ཐེ་ཙོམ་མེད་པའི་མཁྱེན་པ་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོས་མཁྱེན་པ་ལ་ནེམ་ནུར་མི་མངའ་བ། རྣམ་པར
136a6 བརྟག་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་བླངས་པ་སངས་རྒྱས་ཀྱི་གནས་པ། གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་བྱོན་པ། དེ་བཞིན་ག
136a7 པ་མ་འདྲེས་པ་རྣམ་པར་ཐར་པ་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་མཐུ་དང་དཔུང་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཐུགསུ་ཆུད་པ། ཆོས་ཀྱི་དབྱིངས་དམ་པ་ཅན་ན་མཁའི
136a8 ཁམས་ཀྱིས་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པར་བསྐལ་པ་བགྲངས་པ་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྒྱུན་མི་གཅོད་པའི་སྐུ་མངའ་བ། དམ་པའི་སྙིང