| e-texts navigator |
| Wylie |
135b1 རྫོགས་པའི་སངས་རྒྱས་རིན་ཆེན་བྱེ་བྲག་བརྒྱ་ཡི་གང་གཱའི་བྱེ་མ་བསྙེད་ཀྱི་གྲངས་དང་མཉམ་པར་ངེས་པ་ལ་གུས་པར་ཕྱག་འཚལ་ལོ།། ཞེས་མཚན་ནས་ལན་གཅིག་བརྗོད་ན། ཚེ་གཅིག་ལ་སྲོག
135b2 བཅད་པའི་སྡིག་པ་ཐམས་ཅད་འདག་གོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཟི་བརྗིད་ངེས་པར་གནོན་པ་ལ་གུས་པར་ཕྱག་འཚལོ།།
135b3 ཞེས་མཚན་ནས་ལན་ཅིག་བརྗོད་ན། ཚེ་གཅིག་ལ་འདོད་ལོགས་གི་སྡིག་པ་ཐམས་ཅད་འདག་གོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང
135b4 གི་གྲངས་དང་མཉམ་པར་ངེས་པ་ལ་ཕྱག་འཚལ་ལོ།། ཞེས་མཚན་ནས་ལན་གཅིག་བརྗོད།། བཀའ་དྲི་མ་མེད་པ་ཀླགས་པ་དང་མཉམ་མོ།། །
135b5 རྒྱ་གར་སྐད་དུ།། ཨརྱ་ཏ་ཐ་ག་ཏ་གུན་དག་ཉའ་ན་ཨ་ཙིང་ཏ་བ་བི་ཤ་ཡ་ཨ་ཏ་ར་ནིར་དེ་ཤ་ན་མ་མ་ཧཱ་ཡན་སུ་ཏྲ། བོད་སྐད་དུ། འཕགས་པ
135b6 དེ་བཞིན་གཤེགས་པའི་ཡོན་ཏན་དང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ
135b7 ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་ཡུལ་མ་གཏན་ཆོས་ཀྱི་དབྱེ་དགོན་པ་ན། བྱང་ཆུབ་ཀྱི་སྙིང་པོ་ཀུན་གྱི་འོད
135b8 ཀྱི་ཁང་བཟངས་བསོད་ནམས་ཀྱི་རྒྱན་ཚོགས་ཆེན་པོ་བསགས་པ་དགའ་བ་ཆེན་པོ་བསྐྱེད་པ། ཀུན་ནས་མ་སྨད་པ། ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་ན་བཞུགས