| e-texts navigator |
| Wylie |
101b1 ཕྱི་རོལ་ན་ཡང་མི་དམིགས།
101b2 སྐྱེ་བོའི་ཆོས་རྣམས་ནི་སྒྱུ་མ་ལྟ་བུ་སྟེ། དེ་དག་ནི་འདའ་བར་བྱ་བར་མི་ནུས་སོ།། ཚེ་དང་ལྡན་པ་རབ་འབྱོར་སོ་སོའི་སྐྱེ་བོའི་ཆོས་རྣམས་ཡོངས་སུ་མ་གྲུབ་སྟེ། དེ་དག།
101b3 ནི་འདའ་བར་བྱར་སླ་བ་མ་ཡིན་ནོ།། ཚེ་དང་ལྡན་པ་རབ་འབྱོར་སེམས་ཅན་གྱི་ཁམས་ནི་ནང་ན་ཡང་མི་དམིགས་ཏེ། གཉིས་ཀ་མེད་པ་ཡང་མི་དམིགས་ཏེ། སེམས་ཅན་གྱི
101b4 ཁམས་ཀྱི་རང་བཞིན་གང་ཡིན་པ་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་དག་ནི་འདའ་བར་བྱ་བ་སླ་བ་མ་ཡིན་ནོ།། ཚེ་དང་ལྡན་པ་རབ་འབྱོར
101b5 བཅོམ་ལྡན་འདས་ཀྱི་འདི་སྐད་དུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱི་ན། དགེ་སློང་ལེགས
101b6 པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པར་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང
101b7 བ་གང་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།།
101b8 ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དང་བས་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་ཟོང
101b9 རྣམས་ལོངས་སྤྱད་པར་འོས་སོ་ཞེས་གང་གསུངས་པ་དེ་ཡང་། ཚེ་དང་ལྡན་པ་རབ་འབྱོར་གང་དག་གི་བསྟེན་ཏམ། གནས་མེད་པ་དེ་དག་ཇི་ལྟར་ཐོབ་པ་རུང་།