| e-texts navigator |
| Wylie |
202b1 @##། རྒྱ་གར་སྐད་དུ། སཱསྟི་ཡ་ན་ག་ཐཱ། བོད་སྐད་དུ། བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འཇིག
202b2 རྟེན་འདྲེན་པའི་དྲུང་དུ་ནི།། ལྷ་ཞིག་ཉེ་བར་སོང་ནས་སུ།། གང་གིས་ཀུན་ཏུ་བདེ་ལེགས་པ།། བདག་གིས་ཞྭ་ཡིས་བཅོམ་ལྡན་གསུངས།། དམ་པས་དེ་དག་གསན་པ་དང་།། འཇིག་རྟེན
202b3 འདྲེན་པས་ལུང་བསྟན་པ།། གང་གིས་ཀུན་ཏུ་བདེ་ལེགས་སུ།། འགྱུར་བར་ལྷ་ཁྱོད་ལེགས་པར་ཉོན།། གང་ཞིག་དེ་བཞིན་གཤེགས་པ་ལ།། དད་པ་མི་གཡོ་ལེགས་པར་བརྟན།། གང
202b4 ཞིག་དགེ་བའི་ཚུལ་ཁྲིམས་ཅན།། དེ་དག་ཀུན་ལ་བདེ་གྱུར་འགྱུར།། གང་ཞིག་ཕ་དང་མ་དག་དང་།། བུ་དང་བུ་མོ་བྲན་དག་ལ།། རྟག་ཏུ་ལེགས་པར་བསྙེན་བཀུར་པ།། དེ་དག་ཀུན
202b5 ཏུ་བདེ་ལེགས་འགྱུར།། གང་ཞིག་དགྲ་བཅོམ་གྲགས་པ་ལ།། ལེགས་པར་རབ་གནས་ཡོན་འཕྲུལ་དང་།། ལྷའི་བཀའ་བཞིན་བྱེད་པ་དག། དེ་དག་ཀུན་ཏུ་བདེ་ལེགས་འགྱུར།། གང
202b6 ཞིག་ལུས་དང་ངག་དང་ནི།། ཡིད་ལ་ཉེས་བྱས་མེད་པ་དང་།། གང་ཞིག་གནས་གསུམ་རྣམས་བསྡམས་པ།། དེ་དག་ཀུན་ཏུ་བདེ་ལེགས་འགྱུར།། གང་ཞིག་འབྱུང་པོ་ཐམས་ཅད་ལ།།
202b7 ཚད་མེད་ཀུན་ཏུ་མི་འཁྲུག་པའི།། བྱམས་སེམས་ལེགས་པར་བསྒོམ་བྱེད་པ།། དེ་དག་ཀུན་ཏུ་བདེ་ལེགས་འགྱུར།། གང་ཞིག་སྡུག་བསྔལ་ཀུན་སྤང་ཕྱིར།། འཕགས་པའི་ལམ་གྱི་ཡན
202b8 ལག་བརྒྱད།། བདེ་བ་འདྲེན་པ་ལེགས་བསྒོམ་པ།། དེ་དག་ཀུན་ཏུ་བདེ་ལེགས་འགྱུར།། གང་གིས་འདུས་བྱས་ཐམས་ཅད་ཀུན།། སྟོང་ཉིད་རྟག་ཏུ་ལེགས་མཐོང་ཞིང་།། དེ་ལ་སེམས