e-texts navigator
Collection
Volume
Page
Wylie

9b1 གནས་པ་དག། དབྱར་ཚ་བའི་དུས་ཀྱི་ཚེ། བསིལ་བའ་དང་རླན་གྱིས་མེ་ཏོག་དང་འབྲས་བུ་དག་རྒྱས་ཤིང་འབྲས་བུ་རྣམས་འཕེལ་བར་འགྱུར་ནས། སེམས་ཅན་མང་པོ་ཤིན་ཏུ
9b2 བདེ་བར་བྱེད་ཀྱང་། ཀླུའི་རྒྱལ་པོ་དེ་དག་ཆུ་ཀླུང་བཞི་པོ་འདི་དག་ཕྱུང་ངོ་།། དབྱུང་བར་བྱའོ་སྙམ་དུ་མི་སེམས་མོད་ཀྱིས། འོན་ཀྱང་ཆུ་ཀླུང་བཞི་པོ་འདི་དག་འབབ་ཅིང་སེམས་ཅན
9b3 རྣམས་ཉེ་བར་སྤྱོད་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ། སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་གྱུར་པའི་དབང་གིས། རྩོལ་བའི་བྱེད་པའི་ཡེ་ཤེས་ཀྱི།།
9b4 འཕགས་པའི་བདེན་པ་བཞི་བསྟན་ནས། འཁོར་བའི་ཡོངས་སུ་གདུང་བ་ཐམས་ཅད་བསལ་ཏེ། ལྷ་དང་མི་རྣམས་ལ། འཕགས་པའི་རྣམ་པར་གྲོལ་བའི་བདེ་བ
9b5 སྨིན་པར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་དེ་བདག་གིས་ཆོས་བསྟན་ཏོ།། བསྟན་པར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རང་གི་ངང་གིས་སྙིང་རྗེ་ཆེན་པོའི་བསམ
9b6 པ་ལ་གནས་ནས། སེམས་ཅན་རྣམས་ལ་སོ་སོར་བརྟགས་སྟེ། ཅི་རིགས་པར་ཆོས་སྟོན་པར་བྱེད་དོ།། གཞན་ཡང་གློག་ཐོབ་འདི་ལྟ་སྟེ་དཔེར་ན། བརྒྱ་བྱིན་ལྷའི་དབང
9b7 པོ་ལ་ལྷའི་བུ་མོ་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་པ་དེ་དག། བརྒྱ་བྱིན་ལྷའི་དབང་པོའི་རང་དབང་གི་མཐུའི་དབང་གིས་ལུས་མང་པོ་བསྟན་ནས། ལྷའི་བུ་མོ་དེ་དག་དང
9b8 ལྷན་ཅིག་འདོད་པའི་བདེ་བ་ཡོངས་སུ་རྫོགས་པ་མྱོང་བས་དེ་དག་ས་སོ་ནས་འདི་སྙམ་དུ་བདག་གཅིག་པུ་ནི་དེང་ལྷའི་དབང་པོ་དང་ལྷན་གཅིག་བརྩེས་སོ་སྙམ་དུ་སེམས་ཅད་།




iiif viewer powered by OpenSeadragon

9a - 10a

Texts on this page

F67 - 'phags pa glog thob kyis zhus pa zhes bya ba theg pa chen po'i mdo