| e-texts navigator |
| Wylie |
8a1 ཀྱི་སེམས་སྐྱེས་པ་ལ། བ་ན་མེད་པ་ཡང་དག་པར་གཟུགས་དེ་རྣམ་པར་འགྱུར་ཞིང་ཞིག་པར་མཐོང་བ་ཉིད་ཀྱིས་ཁོང་དུ་ཆུད་པར་གྱུར
8a2 ནས། ཉ་འདོད་པའི་གདུང་བ་ཉེ་བར་ཞི་སྟེ། མི་རྟག་པར་ཤིན་ཏུ་ཡིད་ལ་བྱེད་པ་ཉིད་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད
8a3 པ་ཡང་ཡོད་དོ།། སེམས་ཅན་ཁ་ཅིག་ནི་བུད་མེད་མཐོང་བ་ན། མངོན་པར་ཞེན་པ་སྐྱེས་པ་མེད་ཀྱང་།། ། ཕྱིས་ཡིད་ལ་དྲན་པའི་དབང་གིས། འདོད་ཆགས་ཀྱི
8a4 སེམས་སྐྱེས་ནས། དེ་ཁ་དོག་དང་དབྱིབས་ཡིད་ལ་བྱས་ནས། རྗེས་སུ་ཆགས་པར་སྐྱེ་བར་འགྱུར་བ་ཡང་ཡོད་དོ།། སེམས་ཅན་ཁ་ཅིག་ནི་རྨི་ལམ་ན་གཟུགས
8a5 ཡིད་དུ་འོང་བ་དག་མཐོང་བའི་དབང་གིས། འདོད་ཆགས་ཀྱི་མངོན་པར་ཞེན་པ་བསྐྱེད་ནས། ཡིད་ལ་བྱེད་ཅིང་ཡོངས་སུ་གཉེར་བར་བྱེད་པ་ཡང་ཡོད་དོ།། སེམས་ཅན་ཁ་ཅིག
8a6 ནི་བུད་མེད་ཀྱི་སྒྲ་ཐོས་པ་ཙམ་གྱིས། འདོད་ཆགས་ཀྱི་སྲེད་སྐྱེད་པར་བྱེད་ལ། རེས་འགའ་ནི་མཐོང་བ་ཙམ་གྱིས་འདོད་ཆགས་ཀྱི་སེམས་དང་བྲལ་ནས། བླ་ན་མེད
8a7 བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་ཡོད་པོས། ད་ཕྱིར་ཀློག་ཐོང་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ཀྱི་ནད་རྣམས་པ་སྣ་ཚོགས་གང་ཡིན་པ
8a8 དང་། འདོད་ཆགས་ཀྱི་སླན་རྣམ་པོ་སྣ་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་མཁས་པས་ལེགས་པ་ཁོང་དུ་ཆུད་ཀྱང་། ཆོས་ཀྱི་དབྱིངས་ལ་གཉིས་སུ་འཛིན་པའི་མཚན་མ་ཡང