| e-texts navigator |
| Wylie |
33a1 ལ་ཡོངས་སུ་སྔོ་བར་བྱེད་དེ། གཉིས་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། ཡོངས་སུ་སྔོ་བ་ལ་མཁས་པ་ཉིད་ཀྱིས་སྟེ། རིག
33a2 ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ་ཐབས་ལ་མཁས་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས
33a3 པ་ནི། གཞན་གྱི་དགེ་བའི་རྩ་མངོན་པར་འདུས་བྱས་པ་ལ་རྗེས་སུ་ཡི་རང་བར་བྱེད་ཅིང་། རྗེས་སུ་ཡི་རང་ནས་ཀྱང་སེམས་ཅད་ཐམས་ཅད་ལ་ཡོངས་སུ་བཏང་ཏེ། ཡོངས་སུ་སྔོ་ཞིང
33a4 བར་ཡང་བྱེད་དོ།། དེ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་དེས། བྱང་ཆུབ་ཀྱི་སེམས་དང་བྲལ་བའི་སྦྱིན་པ་དང་། སྦྱིན་བདག་གང་དག་ཡིན་པ་དེ་དག་ཀྱང
33a5 ཟིལ་གྱིས་གནོན་པར་བྱེད་ལ། ལེན་པ་པོ་གང་དག་ཡིན་དེ་དག་ཀྱང་ཟིལ་གྱིས་གནོན་པར་བྱེད་དོ།། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མ
33a6 པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། ཕྱོགས་བཅུ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། སྤོས་ཀྱི་ཤིང
33a7 ལྗོན་པ་དང་། མེ་ཏོག་དང་། མེ་ཏོག་ཕྲེང་བ་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་དག་གིར་མ་བྱས་ཤིང་ཡོངས་སུ་མ་བཟུང་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་བསམ་པས་ཡོད
33a8 སུ་བཟུང་ཞིང་ཡོངས་སུ་བསྡུས་ནས། སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་གཏོང་བར་བྱེད་དེ། ཡོངས་སུ་བཏང