e-texts navigator
Collection
Volume
Page
Wylie

31a1 བར་དུ་མཆོད་བྱས་ཏེ།། བསྟན་པ་ལ་ནི་རབ་ཏུ་བྱུང་།། དེ་ཀུན་གྱིས་ནི་ཏིང་འཛིན་ཐོབ།། ཟད་མི་ཤེས་པའི་གཟུངས་ཀྱང་ཐོབ།། སེམས།
31a2 ཅན་རྣམས་ཀྱི་དོན་བྱེད་དེ།། སངས་རྒྱས་ཆོས་ལ་འཛུད་པར་བྱེད།། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། སེམས་ཅན་བྱེ་བ་ཕྲག་བརྒྱད་ཅུ་བྱང་ཆུབ་མཆོག་ལ་ཞུགས་སོ།།
31a3 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་དཀོན་མཆོག་བརྩེགས
31a4 པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། སེང་གེའི་ཞུས་པའི་ལེའུ་ཞེས་བྱ་སྟེ།། ། འདུས་པ་སུམ་ཅུ་རྩ་བདུན་པ་རྫོགས་སྷོ།།
31a5 ། རྒྱ་གར་སྐད་དུ། ཨཱ་ར་སརྦ་བུད་དྷ་ར་ཧ་སྱོ་བ་ཡ་ཀོའུ་ཤ་ལྱ། ད་ཉ་ནོད་ཏ་ར་བོ་དྷི་ས་ཏ་པ་རི་ཕྲིད་ཙ། པ་རི་བ་རྟོ་ན་མ་མ་ཧ་ཡ་ན་སུ་ཏྲ།
31a6 བོད་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པོ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པ།
31a7 བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པས་ཞུས་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི།
31a8 སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མོད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། སློབ་པ་དང་མི་སློབ་པའི




iiif viewer powered by OpenSeadragon

30b - 31b

Texts on this page

F68 - 'phags pa seng ges zhus pa zhes bya ba theg pa chen po'i mdo
F69 - 'phags pa sangs rgyas thams cad kyi gsang chen thabs la mkhas pa byang chub sems dpa' ye shes dam pas zhus pa'i le'u zhes bya ba theg pa chen po'i mdo