| e-texts navigator |
| Wylie |
30a1 དེས་ན་སེམས་འདོར་མི་འགྱུར་རོ།། གང་དང་གང་དུ་སྐྱེ་བར་ཡང་།། ཅི་ལྟར་སྟོབས་ནི་ཆེར་འགྱུར་དང་།། རྟག་ཏུ་མཐུ་ཡིས
30a2 འཕགས་པ་དང་།། བདུད་རྣམས་བྱེ་བས་མི་ཚུགས་འགྱུར།། འདིར་ནི་སྙིང་པོ་ལྔ་བྱིན་ཞིང་།། སྐྲག་ལ་མི་འཇིགས་བྱིན་ནི་ནི།། གང་དང་གང་དུ་སྐྱེས་པར་ཡང་།། དེས་ན
30a3 སྟོབས་ནི་ཆེར་འགྱུར་ཏེ།། རྟག་ཏུ་མཐུ་ཡིས་འཕགས་པ་དང་།། བདུད་རྣམས་བྱེ་བས་མི་ཚུགས་སོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ།། འཇིག་རྟེན་མགོན་གྱི་མངོན
30a4 སུམ་དུ།། ལུང་བསྟན་པ་འདི་ཐོས་ནས་སུ།། སེང་གེ་ཡིད་ནི་དགའ་བར་འགྱུར།། སེང་གེ་གྲོགས་དང་ལྷན་ཅིག་ཏུ།། འདི་སྐད་ཀྱི་ནི་ཚིག་སྨྲ་སྟེ།། སྤྱོད་པ་བསྟན་པ་འདི
30a5 ལ་ནི་བདག་ཅག་རྗེས་སུ་བསླབ་པར་བགྱི།། དེ་ནས་སངས་རྒྱས་མཛུམ་མཛད་དེ།། སྟོང་གསུམ་པོ་ཡང་གཡོས་གྱུར་ནས།། མ་ཕམ་པས་ནི་སངས་རྒྱས་ལ།།
30a6 ཅི་ཞིག་སླད་དུ་མཛུམ་མཛད་པ།། ཐུབ་ཆེན་ལུང་བསྟན་གསོལ་ཞེས་ཞུས།། དེ་སྐད་ཞུ་བ་ཞུས་པ་དང་།། མ་ཕམ་པ་ལ་སངས་རྒྱས་ཀྱིས།། འདི་སྐད་ཅེས་ནི་བཀའ
30a7 སྩལ་ཏོ།། གང་གི་ཕྱིར་ནི་མཛུམ་མཛད་པ།། མ་ཕྲམ་ང་ལས་འདིར་ཉོན་ཅིག། སངས་རྒྱས་བྱེ་བ་བརྒྱད་ཅུ་དང་།། གཞན་ཡང་ཁྲག་ཁྲིག་ཕྲག་བཅུ་ལ།། བྱང་ཆུབ་དོན་ཏུ
30a8 འདུས་ནས་ནི།། མིའི་འདྲེན་པ་རྣམས་ལ་མཆོད།། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། མར་མེ་མཛད་པ་ཚུན་ཆད་དུ།། བྲམ་ཟེའི་བུ་ཁྱེའུ་འདི་དག་རྣམས།།