| e-texts navigator |
| Wylie |
29a1 ཀ་ལ་པིང་ཀའི་སྒྲ་སྙན་དང་།། ཚངས་པའི་དབྱངས་འདྲ་ཅི་ལྟར་འགྱུར།། ཐུབ་པ་མོས་པ་སྣ་ཚོགས་ཀྱི།། སེམས་ཅན་རྣམས་ནི་གང་གིས་དགའ།། །
29a2 བདེན་པར་སྨྲས་པས་ཚངས་པའི་དབྱངས།། ངག་རྩུབ་སྤངས་པས་སྒྲ་སྙན་འགྱུར།། ཀྱལ་པའི་ཚིག་དང་ཕྲ་མ་རྣམས།། སྤངས་བྱས་སེམས་ཅན་དགའ་བར་འགྱུར།། ཇི་ལྟར
29a3 ཚེ་རིང་འགྱུར་བ་ལགས།། བྲོ་ནད་ཉུང་བར་ཇི་ལྟར་འགྱུར།། རྣམ་པར་འདྲེན་པ་གང་གིས་ན།། གཡོག་འཁོར་རྣམས་ནི་མི་ཕྱེད་འགྱུར།། གསོད་པ་མི་བྱེད་ཚེ་རིང་འགྱུར།
29a4 མི་འཚེ་བས་ནི་ནད་ཉུང་འགྱུར།། མི་འཐུན་པ་དག་སྡུམས་བྱས་ན།། གཡོག་འཁོར་རྣམས་ནི་མི་ཕྱེད་འགྱུར།། དོན་རྣམས་ཇི་ལྟར་འགྲུབ་འགྱུར་ལགས།། གང་གིས་ལོངས
29a5 སྤྱོད་ཉམས་མི་འགྱུར།། གང་དང་གང་དུ་སྐྱེ་བ་དེར།། དབང་ཆེར་གྲགས་པར་ཇི་ལྟར་འགྱུར།། ཆགས་པ་མེད་པས་དོན་རྣམས་འགྲུབ།། སེར་སྣ་མེད་པས་ལོངས་སྤྱོད་འཕེལ།།
29a6 གང་དང་གང་དུ་སྐྱེ་བ་དེར།། ཕྲག་དོག་མེད་པས་དབང་ཆེར་གྲགས།། ཇི་ལྟར་ལྷའི་མིག་ཐོབ་འགྱུར།། ལྷའི་རྣ་བ་ཇི་ལྟར་ཐོབ།། སེམས་ཅན་འཆི་འཕོ་སྐྱེ་བ་དག། འདྲེན་པ་གང
29a7 གིས་འཚལ་བར་འགྱུར།། མར་མེ་སྦྱིན་པས་མིག་ཐོབ་འགྱུར།། རོལ་མོའི་སྒྲ་ཡིས་རྣ་བ་དག། འཆི་འཕོ་སྐྱོ་ཤེས་ཡེ་ཤེས་ཀྱིས།། དེ་བས་དེ་ལྟར་འགྲུབ་པར་འགྱུར།
29a8 འདྲེན་པ་བྱང་ཆུབ་སེམས་དཔའ་ཡི།། ཟག་པ་གང་གིས་བས་པར་འགྱུར།། ཚེ་རབས་སྔ་དྲན་ཅིས་འགྱུར་ལགས།། རྫུ་འཕྲུལ་ཅི་ཡིས་ཐོབ་པར་འགྱུར།། གཞོན་པ་སྦྱིན