e-texts navigator
Collection
Volume
Page
Wylie

28b1 ཏུ་གང་གིས་འགྱུར།། ཐུབ་པ་ཆེན་པོས་བསྟན་དུ་གསོལ།། ཆོས་ལ་བཟོད་པས་གཟུངས་རྣམས་ཐོབ།། སེམས་བསྒོམས་པས་ནི་ཏིང་འཛིན་སྐྱེ།། ཀྱལ་པའི་ཚིག་རྣམས་སྤང་།
28b2 བྱས་ན།། གཟུང་བར་འོས་པའི་ཚིག་ཏུ་འགྱུར།། དྲན་དང་ལྡན་པར་ཇི་ལྟར་འགྱུར།། ཐུབ་པ་ཇི་ལྟར་བློ་གློས་ལྡན།། ཇི་ལྟར་ཆོས་སྤྱོད་འགྱུར་བ་ལགས།། སྐྱེས་བུ་དམ་པ
28b3 མཁས་ཅིས་འགྱུར།། གཡོ་མེད་པས་ནི་དྲན་ལྡན་འགྱུར།། དོན་ལ་སེམས་པ་བློ་གྲོས་ལྡན།། གུས་དང་བཅས་པས་ཆོས་སྤྱོད་འགྱུར།། ཆོས་ཀྱི་མཚན་ཉིད་རྟོག་པ་མཁས
28b4 འཇིག་རྟེན་མགོན་པའི་སྤྱན་སྔར་ནི།། ལས་གང་གིས་ན་སྐྱེ་བར་འགྱུར།། འཇིག་རྟེན་མགོན་གྱི་མངོན་སུམ་དུ།། ཞུ་བ་ཞུ་བར་ཇི་ལྟར་འགྱུར།། གང་ཞིག་ཆོས་ཀྱི་སྦྱིན་པ་ལ།།
28b5 ནམ་ཡང་བར་ཆད་མི་བྱེད་པ།། དེ་ནི་དེ་ནས་མྱུར་རབ་ཏུ།། འཇིག་རྟེན་མགོན་དང་ཕྲད་པར་འགྱུར།། གང་གིས་མི་ཁོམ་སྤོང་བར་འགྱུར།། གང་གིས་བཟང་འགྲོར་མཆི་བ་ལགས
28b6 སྐྱེ་བ་ཀུན་ཏུ་སྐྱེ་བ་ན།། བག་མཆིས་པར་ནི་ཇི་ལྟར་འགྱུར།། དད་པས་མི་ཁོམ་སྤོང་བར་འགྱུར།། ཚུལ་ཁྲིམས་ཀྱིས་ནི་བཟང་འགྲོར་འགྲོ།། སྟོང་པ་ཉིད་ནི་བསྒོམ་བྱས་ན།
28b7 རྟག་ཏུ་བག་དང་ལྡན་པར་འགྱུར།། ཐུབ་པ་བྱང་ཆུབ་སེམས་དཔའ་རྣམས།། ཇི་ལྟར་ལས་རྣམས་དག་པར་འགྱུར།། ཇི་ལྟར་བདུད་ཀྱི་སྙི་མི་ཐོགས།། ཇི་ལྟར་ཆོས་ཀྱིས
28b8 ཕོངས་འགྱུར་ཕོང་།། རྣམ་པར་གྲོལ་བས་ལས་རྣམས་དག། བརྩོན་འགྲུས་ཀྱིས་ནི་བདུད་འདུལ་འགྱུར།། ཅི་སྨྲས་དེ་བཞིན་བྱེད་པས་ནི།། ཆོས་ཀྱིས་ཕོངས་པ་སྤོང་བར་འགྱུར




iiif viewer powered by OpenSeadragon

28a - 29a

Texts on this page

F68 - 'phags pa seng ges zhus pa zhes bya ba theg pa chen po'i mdo