| e-texts navigator |
| Wylie |
27b1 ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་སྟེ། མངོན་པར་བསྟོད་དོ།། ། འཕགས་པ་དཀོན་མཆོག
27b2 བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། མི་ཟད་པའི་གཏེར་བསྟན་པའི་ལེའུ་སྟེ།། འདུས་པ་ཉི་ཤུ་པ་རྫོགས་སྷོ།།
27b3 རྒྱ་གར་སྐད་དུ། ཨརྱ་སིང་ཧ་པ་རི་བྲིད་ཙ། ན་མ་མ་ཧ་ཡ་ན་སུ་ཏྲ།། བོད་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ
27b4 སྟོང་ཕྲག་བརྒྱ་པ་ལས། སེང་གེས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས
27b5 ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས
27b6 གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་གཅིག་གོ།། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས།། རྒྱལ་བ་གང་ཟག་མཚུངས་པ
27b7 མེད། རྒྱལ་པོ་མ་སྐྱེས་དགྲ་ཡི་བུ།། སེང་གེ་ཞེས་ནི་གྲགས་པ་ཞིག། ཚོང་དཔོན་བུ་ཕོ་ལྔ་བརྒྱ་ཡིས།། མདུན་དུ་བདར་ཏེ་ལྷན་ཅིག་ཏུ།། རྒྱལ་པོའི་ཁབ་ནས་དེ་བྱུང་ནས།
27b8 རྒྱལ་བའི་འབྱོར་པ་ཆེན་པ་མོས།། གསེར་ལས་བྱས་པའི་གདུགས་བོགས་ཏེ།། རྫོགས་སངས་རྒྱས་ཀྱི་གན་སོང་ནས།། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། ལྔ་བརྒྱན